འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་འཇའ་ཐང་དུ་འདབ་ཆགས་རྩ་ཆེན་ཆིག་སྟོང་ལྷག་ཙམ་འཕུར་ཡོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་སྒྲུབ་རྒྱུད་གྲོང་རྡལ་གྱི་འཇའ་ཐང་དུ་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་སྐྱ་བོ། ངང་པ་སོགས་བདག་ཏུ་མ་བཟུང་བའི་འདབ་ཆགས་རྩ་ཆེན་ཆིག་སྟོང་ལྷག་ཙམ་འཕུར་ཡོང་ཞིང་། སྔོན་དཔག་བྱས་ན་འདབ་ཆགས་དེ་ཚོ་འབྱུང་འགྱུར་དུས་སྐབས་ཤིག་རིང་དེ་གར་བབ་སྡོད་བྱས་ནས་རྒྱུད་སྤེལ་བྱེད་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ས་མཐོའི་འདམ་རར་གནས་པའི་འདབ་ཆགས་ཀྱི་གནས་སྤོའི་སྣོད་བཅུད་མ་ལག་དེ་ཆུ་ཁོངས་སྣོད་བཅུད་མ་ལག་ཁོངས་སུ་གཏོགས་ཤིང་། མ་ལག་དེའི་སྐྱེ་དངོས་ཚོམ་བུ་དང་དངོས་རིགས་དག་གནས་སྤོ་དང་རིམ་འགྱུར་བྱེད་མང་བར་བརྟེན་སྣོད་བཅུད་སྣ་མང་རང་བཞིན་དང་། དངོས་རིགས་སྣ་མང་རང་བཞིན། སྐྱེ་དངོས་ཐོན་སྐྱེད་ནུས་ཤུགས་བཅས་ཅུང་ཆེན་པོ་ལྡན་ཡོད་པ་རེད། ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་སྐྱ་བོ་སོགས་འདབ་ཆགས་བབ་སྡོད་བྱས་པ་དེའི་ཐོག་ནས། རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས་གཙང་གསུམ་ཆུ་འགོ་ཁུལ་གྱི་སྣོད་བཅུད་མ་ལག་རིམ་བཞིན་སླར་གསོ་བྱུང་ནས་འཇའ་ཐང་སྣོད་བཅུད་ཁོར་ཡུག་གིས་ཁྲུང་ཁྲུང་སྐེ་ནག་གི་ཡིད་དབང་སྔར་བས་འགུག་བཞིན་པ་མཚོན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།