འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གཡག་རྔར་ཀྲུང་གོའི་བོད་ཇའི་རིག་གནས་གཟའ་འཁོར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་སྐབས་དང་པོའི་ཀྲུང་གོ་བོད་ཇའི་རིག་གནས་གཟའ་འཁོར་དེ་གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་ཏུའོ་ཡིང་གྲོང་རྡལ་ཀྲུང་གོའི་བོད་ཇ་གྲོང་ཚོར་གཉེར་འགོ་ཚུགས་པ་དང་། བོད་ཇའི་ཐོན་རྫས་འབོར་ཆེན་ཞིག་དང་བོད་ཇའི་རིག་གནས་འགྲེམས་སྟོན་གྱིས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་ཡོད།
         ཡུས་ཁྲེང་ཆུས་སུ་ད་ཡོད་ཀྱི་ཇ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཉིས་ཟིན་པ་དང་སྣེ་འདྲེན་ཁེ་ལས་16ཡོད་པར། ལོའི་ཐོན་འབོར་ཏུན་ཁྲི་གཉིས་ལྷག་ཙམ་ཟིན་པ་དང་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་6.71ཟིན་ནས། ཆུས་དེ་ཡོངས་ཀྱི་ཇ་འདེབས་མཁན་ཞིང་པ་དུད་ཚང་ཁྲི་5ལྷག་ཙམ་ལ་མི་རེར་ཆ་སྙོམས་འབབ་འཕར་སྒོར་3000བྱུང་ཡོད། ཡུས་ཁྲེང་ཆུས་དེ་ཉིད་ལོ་སྟོང་གི་བོད་ཇའི་འབྱུང་ཁུངས་དང་ཁྲོན་བོད་ཇ་རྟའི་ཚོང་ལམ་གྱི་འགོ་འཛུགས་སའང་ཡིན་པ་དང་། འུན་ཤིང་ཀོང་ཇོས་ཇ་བསྣམས་ནས་བོད་དུ་ཕེབས་པ་ནས་བརྩིས་ན་བོད་ཇར་ལོ་1300ལྷག་ཙམ་གྱི་ལོ་རྒྱུས་རིག་གནས་ཟབ་མོ་ལྡན་ཞིང་། དེའི་ཁྲོད“བཀྲ་ཤིས་བོད་ཇར”ཀྲུང་གོའི་གྲགས་ཅན་ཚོང་རྟགས་ཀྱི་མཚན་སྙན་ཐོབ་པ་དང་། གཡག་རྔའི་བོད་ཇའི་སྲོལ་རྒྱུན་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་གཉིས་པའི་ནང་བཅུག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།