འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཞིང་ལས་ཞབས་ཞུ་རྩ་འཛུགས་ཀྱིས་འདས་ཟིན་པའི་ལོ་20ཡི་ནང་གོ་ལ་ཧྲིལ་
    པོའི་གྱིན་སྒྱུར་སྐྱེ་དངོས་འདེབས་ཁྱོན་ལྡབ་བརྒྱ་ཙམ་ཆེ་རུ་ཕྱིན་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཟླ་4ཚེས་13ཉིན་རྒྱལ་སྤྱིའི་ཞིང་ལས་སྐྱེ་དངོས་ལག་རྩལ་བེད་སྤྱོད་ཞབས་ཞུ་རྩ་འཛུགས་(ISAAA)ཀྱིས་པེ་ཅིང་དུ་ལོ་འཁོར་གྱི་སྙན་ཞུ་ཡོངས་བསྒྲགས་བྱས་པ་ལས་མངོན་པར། གོ་ལ་ཧྲིལ་པོའི་གྱིན་སྒྱུར་སྐྱེ་དངོས་འདེབས་ཁྱོན་དེ་1996ལོའི་སྤྱི་ཆིང་ཁྲི་170ནས་2015ལོའི་སྤྱི་ཆིང་དུང་ཕྱུར་1.797བར་རྒྱ་ཆེར་ཕྱིན་པ་དང་ལོ་20ཡི་ནང་ལྡབ་བརྒྱ་ཙམ་འཕར་ཡོད་པ་རེད།
         ISAAAཡིས་ཡོངས་བསྒྲགས་བྱས་པའི་ལོ་འཁོར་སྙན་ཞུ་《དགྱིན་སྒྱུར་སྐྱེ་དངོས་གོ་ལ་ཧྲིལ་པོའི་ཚོང་ལས་ཅན་དུ་སྒྱུར་ནས་ལོ་20(1996ལོ་ནས་2015ལོ་བར)འཁོར་བའི་དྲན་གསོ་དང་2015ལོའི་གོ་ལ་ཧྲིལ་པོའི་སྐྱེ་དངོས་ལག་རྩལ∕གྱིན་སྒྱུར་སྐྱེ་དངོས་ཚོང་ལས་ཅན་གྱི་འཕེལ་ཕྱོགས་》ལ་གཞིགས་ན། 1996ལོ་ནས་བཟུང་གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ས་ཞིང་སྤྱི་ཆིང་དུང་ཕྱུར་20ཡི་ཐོག་གྱིན་སྒྱུར་སྐྱེ་དངོས་བཏབ་པའི་ནང་གྱིན་སྒྱུར་སྲན་ཆེན་དང་། མ་རྨོས་ལོ་ཏོག སྲིང་བལ། པད་ཁ་བཅས་ཚུད་ཡོད་པ་རེད།
         སྙན་ཞུ་ལས་མངོན་པར། 2015ལོར་གྱིན་སྒྱུར་སྐྱེ་དངོས་འདེབས་ཁྱོན་མདུན་གྲལ་གྱི་ཨང་ལྔ་པར་སླེབས་པའི་རྒྱལ་ཁབ་སོ་སོ་ནི་ཨ་རི་དང་། པར་ཙིར། ཨ་ཀེན་ཐིན། རྒྱ་གར། ཁ་ན་ཏ་བཅས་ཡིན་པ་རེད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྱིན་སྒྱུར་སྐྱེ་དངོས་འདེབས་ཁྱོན་ལོ་བཞི་བསྟུད་མར་དར་རྒྱས་ཆེ་བའི་རྒྱལ་ཁབ་ལས་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།