འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཏེ་པའེ་ཡི་མ་འཇོག་སྙན་ཞུའི་ནང་ཀྲུང་གོ་ནི་ན་ནིང་གི་གོ་ལ་ཧྲིལ་པོའི་མ་འཇོག་བྱ་ཡུལ་
    ཡག་ཤོས་ཀྱི་གྲས་ཤིག་རེད་ཅེས་འཁོད་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཏེ་པའེ་མ་འཇོག་ལོ་ཚོགས་སྐབས་དྲུག་པའི་ཐོག་ཚེས་11ཉིན་སྙན་ཞུ་སྤེལ་ནས་ཀྲུང་གོ་དང་། ཨ་རི། ཡོ་རོབ་མནའ་འབྲེལ་བཅས་ནི་སྔར་བཞིན་2015ལོའི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གི་དགའ་བསུ་ཐོབ་ཆེ་ཤོས་ཀྱི་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱ་ཡུལ་རེད་ཅེས་བཤད་པ་རེད།
         མིང་ལ་《ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་པའི་ཐད་ཀྱི་འབྱུང་འགྱུར་》ཟེར་བའི་སྙན་ཞུ་དེའི་ནང་ན་ནིང་གོ་ལ་ཧྲིལ་པོའི་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་པའི་རྣམ་གྲངས་ལོ་གོང་མ་ལས་7.4%ཉུང་དུ་ཕྱིན་ནས་རྣམ་གྲངས་ཁྲི་1.2ཙམ་ལས་མེད་ཀྱང་། མ་འཇོག་བསྡོམས་འབོར་ཨ་སྒོར་དུང་ཕྱུར་7126.8ཟིན་ནས་8.6%འཕར་ཡོད་ཅེས་བཤད་ཡོད་པ་རེད།
         ཏེ་པའེ་མ་འཇོག་ལོ་ཚོགས་སྐབས་དྲུག་པ་དེ་ཚེས་11ནས་13ཉིན་བར་ཏེ་པའེ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་འཚོགས་ཤིང་། སྐབས་འདིའི་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི“ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་པའི་འཛམ་གླིང་གསར་པ་དང་། ཁྱད་ཆོས་གཙོ་བོ། ལག་ལེན་ཡག་ཤོས”ཞེས་པ་ཡིན་ལ། རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་ནས་ཡོང་བའི་འཐུས་མི་ཚོགས་པ་ཚོགས་འདུར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།