འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ལྷོ་རྒྱ་མཚོའི་རྩོད་གཞི་རྒྱལ་སྤྱི་ཅན་དུ་འགྱུར་བར་ངོ་
    རྒོལ་བྱས་པ་དེར་ཀྲུང་གོ་ཕྱོགས་ཀྱིས་གདེང་འཇོག་གང་ལེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་ཡིས་ཉེ་དུས་ལྷོ་རྒྱ་མཚོའི་གནད་དོན་ཐད་འཛིན་པའི་རྣམ་འགྱུར་ལ་གདེང་འཇོག་གང་ལེགས་གནང་བ་རེད།
          ཚེས་12ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་ཡིས་ཀྲུང་གོ་དང་། རི་པིན། མོང་གོལ་རྒྱལ་ཁབ་བཅས་ཀྱི་གསར་འགོད་པར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ཨེ་ཤེ་ཡར་སྐྱོད་རྒྱུའི་བརྡ་གཏོང་ཚོགས་འདུའི་ཐོག་ལྷོ་རྒྱ་མཚོའི་གནད་དོན་དང་འབྲེལ་བ་ཡོད་པའི་དོ་བདག་རྒྱལ་ཁབ་ཀྱིས་མུ་མཐུད་ཕྱོགས་གཉིས་པོས་དང་ལེན་བྱེད་ཐུབ་པའི་ཆབ་སྲིད་ཕྱི་འབྲེལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་འཚོལ་དགོས་ཞེས་བཤད་པ་རེད། ལྷོ་རྒྱ་མཚོའི་གནད་དོན་དང་ཐད་ཀར་འབྲེལ་བ་མེད་པའི་རྒྱལ་ཁབ་ཀྱིས་ཐེ་ཇུས་ཀྱི་བྱ་ཐབས་གང་རུང་དང་གནད་དོན་རྒྱལ་སྤྱི་ཅན་ལ་འགྱུར་བ་བྱེད་པའི་རེ་ངན་སྤེལ་མཚམས་འཇོག་དགོས་པ་དང་འབྲེལ་ལྷོ་རྒྱ་མཚོའི་གནད་དོན་ཐད་སྦིར་སྒྲོག་བཟོ་བ་དང་དེ་རྒྱལ་སྤྱི་ཅན་དུ་འགྱུར་བའི་རེ་ངན་ནི་ཕན་པ་གང་ཡང་མེད་པའི་བྱ་བ་ཞིག་རེད་ཅེས་བཤད།
         ལུའུ་ཁང་གིས་ཨུ་རུ་སུའི་གོང་གསལ་གྱི་རྣམ་འགྱུར་ལ་ཀྲུང་གོ་ཕྱོགས་ཀྱིས་གདེང་འཇོག་གང་ལེགས་བྱས་ཡོད་ཅེས་བཤད།
          ལུའུ་ཁང་གིས་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་དངོས་འབྲེལ་དོ་ཁུར་བྱེད་མཁན་རྒྱལ་ཁབ་དང་མི་སྣ་ཚང་མས་ཀྲུང་གོ་དང་ཐད་ཀར་འབྲེལ་བ་ཡོད་པའི་དོ་བདག་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཞིགས་པ་དང་ཕྱོགས་གཉིས་པོའི་གྲོས་མཐུན་དང་《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》གྱི་གཏན་འབེབས་གཞིར་བཟུང་གྲོས་མོལ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱེད་དགོས་ཞེས་གསུངས།
         ལུའུ་ཁང་གིས་ས་ཁོངས་ཕྱིའི་རྒྱལ་ཁབ་བམ་ཡང་ན་རྩ་འཛུགས་གང་རུང་གིས་ལྷོ་རྒྱ་མཚོའི་གནད་དོན་ཐད་སྦིར་སྒྲོག་བཟོ་བ་དང་། དུས་བབ་ཛ་དྲག་ཏུ་གཏོང་བ། ས་ཁུལ་དང་རྒྱལ་ཁབ་དབར་གྱི་འབྲེལ་བར་དཀྲུག་ཤིང་རྒྱག་པ་བཅས་ཚང་མ་ནི་དགེ་མཚན་མེད་པའི་བྱེད་ཐབས་ཤིག་ཡིན་ལ་ལྷོ་རྒྱ་མཚོའི་གནད་དོན་ཐག་གཅོད་བྱེད་པའི་རྒྱུན་སྲོལ་གྱི་ཐབས་ལམ་ལས་འགལ་བ་ཞིག་རེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།