འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།《ཤིན་ཧྭ་ཚིག་མཛོད་》ལ་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་ཁག་གཉིས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།《ཤིན་ཧྭ་ཚིག་མཛོད་》ལ་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་ཁག་གཉིས་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་སྒྲིག་གཞིས་ལོན་ཏོན་ལ་《ཤིན་ཧྭ་ཚིག་མཛོད་》ལ“ཀུན་གྱིས་དགའ་ཤོས་བྱེད་པའི་ཚིག་མཛོད”དང“ཆེས་བྲིན་ཁ་རྒྱུག་པའི་ཚིག་མཛོད་(དུས་བཀག་དག་བཅོས)”ཅེས་པའི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་ཁག་གཉིས་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད།
         ཀྲུང་གོ་དཔར་འདེབས་ཚོགས་པ་ཀུང་སིའི་གཤམ་འོག་གི་ཚོང་དོན་དཀར་དཔར་འདེབས་ཁང་གིས་པར་བཏབ་པའི་ཀྲུང་གོའི་དེང་རབས་ཀྱི་རྒྱ་ཡིག་ཚིག་མཛོད་དང་པོ་སྟེ་《ཤིན་ཧྭ་ཚིག་མཛོད་》དེ་ད་ཆ་ཀྲུང་གོ་བ་དང་མཐའ་ན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་མང་པོར་རྒྱ་ཡིག་སྦྱོང་མཁན་ལ་མེད་དུ་མི་རུང་བའི་ཡིག་ཆས་ཤིག་ཏུ་གྱུར་ཞིང་། ཟིན་ཐོ་ཁག་གཉིས་བསྡོམས་རྩིས་བྱེད་པའི་དུས་ཚོད་དེ་2015ལོའི་ཟླ་7ཚེས་28ཉིན་བར་ཡིན་པས། གོ་ལ་ཧྲིལ་པོར་《ཤིན་ཧྭ་ཚིག་མཛོད་》ཁྱོན་དེབ་གྲངས་དུང་ཕྱུར་5.67བཏོན་ཡོད་པ་རེད།
         ཅི་ཉི་སི་འཛམ་གླིང་ཟིན་ཐོའི་སྒྲིག་གཞིའི་མཐོ་རིམ་ཙུང་ཚའེ་གཞོན་པ་མའར་ཁོའོ·ཧྥུའུ་ལི་ཅ་ཏེས་ཚེས་12ཉིན་དངོས་སུ་གཏན་འཁེལ་བྱེད་པའི་མཛད་སྒོའི་ཐོག“འདས་པའི་ལོ་གཅིག་རིང་། ཅི་ཉི་སི་འཛམ་གླིང་ཟིན་ཐོའི་སྒྲིག་གཞིས་འཛམ་གླིང་གི་ཟིན་ཐོའི་རྣམ་གྲངས་དེ་གཉིས་པོར་གྲངས་གཞི་འབོར་ཆེན་བཙལ་བ་དང་། བསྡུ་རུབ། ཞིབ་དཔྱད་བཅས་བྱས་ནས་ད་རེས་ང་ཚོས་《ཤིན་ཧྭ་ཚིག་མཛོད་》དེ་འཛམ་གླིང་ཐོག‘ཀུན་གྱིས་དགའ་ཤོས་བྱེད་པའི་ཚིག་མཛོད’དང’‘ཆེས་བྲིན་ཁ་རྒྱུག་པའི་ཚིག་མཛོད་(དུས་བཀག་དག་བཅོས)’”ལ་གཏན་འཁེལ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་ཞེས་གསུངས།
         《ཤིན་ཧྭ་ཚིག་མཛོད་》ནང་མཁས་པ་མང་པོའི་སེམས་ནུས་དང་བློ་གྲོས་འདུས་པས། མི་རབས་མང་པོ་འཚར་ལོངས་ཡོང་རྒྱུའི་གྲོགས་སུ་གྱུར་ཡོད་ལ། མང་ཚོགས་དུང་ཕྱུར་མང་པོའི་འཚོ་བའི་ནང་སྐད་ཡིག་སྤྱོད་རྒྱུར་ཤུགས་རྐྱེན་ཐེབས་ནས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཁྱབ་གདལ་དང་སློབ་གསོའི་བྱ་གཞག་ཡར་རྒྱས་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་བར་བརྟེན་ཚིག་མཛོད་འདི་ཉིད་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་བྱེད་ཅིག་ཏུ་འགྱུར་ཡོད།
         ལོ་ངོ་དྲུག་ཅུ་ལྷག་ཙམ་ནང་། 《ཤིན་ཧྭ་ཚིག་མཛོད་》ལ་རྒྱལ་ཁབ་དཔེ་དེབ་བྱ་དགའི་གཟི་བརྗིད་མཚན་སྙན་དང་། རྒྱལ་ཁབ་ཚིག་མཛོད་བྱ་དགའི་དམིགས་བསལ་བྱ་དགའ་སོགས་བྱ་དགའ་ཆེན་པོ་མང་པོ་ཐོབ་ཡོད། 2012ལོ་ནས་བཟུང་《ཤིན་ཧྭ་ཚིག་མཛོད་》དེ་སློབ་གསོ་པུའུ་དང་ནོར་སྲིད་པུས་རྒྱལ་ཁབ་ཀྱིས་རིན་པ་མེད་པར་སྤྲོད་པའི་སློབ་དེབ་ཁོངས་སུ་བཅུག་ནས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་དུང་ཕྱུར་གཅིག་ལྷག་ཙམ་ལ་《ཤིན་ཧྭ་ཚིག་མཛོད་》རིན་པ་མེད་པར་སྤྲད་ཡོད། ཚིག་མཛོད་དེ་ཡིག་ཚོགས་ཆུང་ཁར་ཁྱེར་བདེ་བ་དང་ནང་དོན་ཡང་ཕུན་སུམ་ཚོགས་ལ་སྐད་ཆ་གོ་བདེ་བའི་ཁྱད་ཆོས་ལྡན་སྟབས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རྒྱའི་སྐད་ཡིག་དང་ཀྲུང་ཧྭའི་རིག་གནས་སྦྱོང་བའི་རོགས་པ་ཡག་པོ་ཞིག་ཏུའང་གྱུར་ཡོད།
    ༄༅།།《ཤིན་ཧྭ་ཚིག་མཛོད་》ལ་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་ཁག་གཉིས་ཐོབ་པ།
    ༄༅།།《ཤིན་ཧྭ་ཚིག་མཛོད་》ལ་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་ཁག་གཉིས་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།