འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བལ་པོའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གཡང་གཟར་དུ་ལྷུངས་ནས་མི་50ལྷག་ཤི་རྨས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བལ་པོའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གཡང་གཟར་དུ་ལྷུངས་ནས་མི་50ལྷག་ཤི་རྨས་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན་གྱི་སྔ་དྲོར་བལ་པོའི་འགྲུལ་སྐྱེལ་རླངས་འཁོར་ཞིག་རྒྱལ་ཁབ་དེའི་ཤར་རྒྱུད་ཀྱི་ཁོ་ཏང་རྫོང་དུ་གཡང་གཟར་ལ་ལྷུངས་ཤིང་། མིག་སྔར་མི་24རྐྱེན་ལམ་དུ་ཤོར་བ་དང་། མི་30ལྷག་ལ་རྨས་སྐྱོན་ཕོག་པ་རེད།
         ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་བཤད་པར་གཞིགས་ན། དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་རླངས་འཁོར་དེ་ནི་ཉིན་དེའི་ཞོགས་པའི་ཆུ་ཚོད་5སྟེང་(ས་གནས་དེ་གའི་དུས་ཚོད)ཁོ་ཏང་རྫོང་ནས་རྡོག་ཐོན་ཏེ་རྒྱལ་ས་ཀ་ཏ་མན་རྡུར་སྐྱོད་པ་ཡིན་ཞིང་། ལམ་བར་སྟབས་མ་ལེགས་པར་གཏིང་ཚད་ལ་སྨི་300ཙམ་ཡོད་པའི་གཡང་གཟར་དུ་ལྷུངས་པ་རེད། ལས་འཛོལ་བྱུང་རྐྱེན་ད་དུང་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། གོ་ཐོས་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་འགྲུལ་སྐྱེལ་རླངས་འཁོར་དེར་འགྲུལ་བ་བཞུགས་ཚད་ལས་བརྒལ་བར་དོགས་པ་བྱེད་ཀྱི་ཡོད་པ་རེད།
         ཉེན་རྟོག་པ་དང་། དམག་མི། ས་གནས་དེ་གའི་མང་ཚོགས་བཅས་ལས་གྲུབ་པའི་མྱུར་སྐྱོབ་རུ་ཁག་འཕྲལ་མར་དོན་རྐྱེན་བྱུང་ཡུལ་དུ་བསྐྱོད་པ་དང་། རྨས་མ་མང་པོ་ཞིག་ལ་རྨས་ཧ་ཅང་ལྗིད་པོ་ཕོག་པས། རྨས་མ་ཁ་ཤས་བལ་པོའི་དམག་དཔུང་གི་ཐད་འཕུར་གནམ་གྲུར་བཞག་སྟེ་རྒྱལ་ས་ཀ་ཏི་མན་རྡུའི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།