མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་《རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། 
ཕུལ་བྱུང་ཏང་དོན་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་འོས་སྦྱོར་
ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ལག་བསྟར་བྱས་ཚུལ་དང་། དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཚུལ། འཐབ་ཕྱོགས་ཁག་དང་། ཁྱབ་ཁོངས་ཁག ལས་དོན་ཁག་བཅས་ཀྱི་ཁྲོད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ་བཅས་གང་ལེགས་མངོན་པར་བྱ་ཕྱིར་ཏང་ཀྲུང་དབྱང་གིས་ཏང་དབུ་བརྙེས་ནས་ལོ་95འཁོར་བར་དྲན་གསོ་ཞུ་བའི་མཚམས་སུ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་གནང་བ་རེད། ཉེ་ཆར་ཀྲུང་དབྱང་རྩ་འཛུགས་པུས་《རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་འོས་སྦྱོར་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ནས་འོས་སྦྱོར་གཟེངས་བསྟོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།
         《བརྡ་ཐོའི་》ནང་ནན་བཤད་བྱས་དོན། ད་ཐེངས་ཀྱི་གཟེངས་བསྟོད་བྱ་ཡུལ་ནི་ཕུགས་བསམ་དད་སེམས་བརྟན་པ་དང་། ཏང་ལ་ལྷག་བསམ་རྣམ་དག སྣེ་ཁྲིད་དེ་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལག་ལེན་བསྟར་བ། འཕེལ་རྒྱས་ལ་སྐུལ་འདེད་དང་། སྒྱུར་བཅོས་གཏིང་ཟབ། མང་ཚོགས་ལ་ཞབས་འདེགས། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། ཏང་ཡོན་དང་མང་ཚོགས་ཚོའི་ཁས་ལེན་ཐོབ་པ་བཅས་ཀྱི་སྔོན་ཐོན་དཔེ་བཟང་བ་རེད། གཟེངས་བསྟོད་བྱས་པ་བརྒྱུད། སྤྱོད་བཟང་དར་སྤེལ་དང་མིག་དཔེ་བསྟན་ཏེ་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་བྱེད་པ། ལོ་བརྒྱའི་འབད་འཐབ་དམིགས་ཚད་དང་པོ་མངོན་འགྱུར་བྱེད་པ་བཅས་ཀྱི་ཁྲོད་ཡར་རྒྱས་བརྩོན་ལེན་དང་བྱས་རྗེས་བཞག་ནས་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
         《བརྡ་ཐོའི་》ནང་བླང་བྱ་བཏོན་དོན། ད་ཐེངས་ཀྱི་གཟེངས་བསྟོད་འོས་སྦྱོར་བྱ་ཡུལ་ཐད་ཐོན་སྐྱེད་དང་ལས་དོན་གྱི་འཐབ་ས་དང་པོའི་ཏང་ཡོན་ལ་ཕྱོགས་པ་དང་། གཞི་རིམ་གྱི་ཏང་དོན་ལས་བྱེད་པར་ཕྱོགས་པ། ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ ཚན་རིག་ཞིབ་འཇུག་ཁང་དང་སུའོ། ཁྲོམ་གཞུང་སྡེ་ཁུལ། སྤྱི་ཚོགས་རྩ་འཛུགས། མི་དམངས་བཅིངས་འགྲོལ་དམག་གི་ལན་ཏུའེ་སོགས་གཞི་རིམ་ཚན་པར་ཕྱོགས་དགོས།
         《བརྡ་ཐོའི་》ནང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཤེས་རྟོགས་དང་ཕྱོགས་སྡོམ་ལ་སྣང་ཆེན་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་དང་བྱས་རྗེས་མངོན་གསལ་ཧ་ཅང་དོད་པའི་སྔོན་ཐོན་དཔེ་མཚོན་འོས་སྦྱོར་བྱས་ནས་ཁོང་ཚོའི་སྔོན་ཐོན་བྱས་རྗེས་སྔོག་འདོན་གཏིང་ཟབ་དང་དྲིལ་བསྒྲགས་བྱས་ཏེ་སྔོན་ཐོན་དཔེ་མཚོན་གྱི་སྐུལ་ལྕག་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།