འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།“རྡུང་རྡེག་འཁོན་སློག”གི་སྣང་ཚུལ་རིགས་བཅུ་གསལ་པོ་བཟོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། སྤྱི་བདེ་པུའུ། ནོར་སྲིད་པུའུ་བཅས་ཀྱིས་《ལས་ཐོག་ཉེས་གསོག་ཐེར་འདོན་བྱེད་མཁན་སྲུང་སྐྱོབ་དང་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག་》མཉམ་དུ་པར་འགྲེམས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། སྤྱི་བདེ་པུའུ། ནོར་སྲིད་པུའུ་བཅས་ཀྱིས་《ལས་ཐོག་ཉེས་གསོག་ཐེར་འདོན་བྱེད་མཁན་སྲུང་སྐྱོབ་དང་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག་》མཉམ་དུ་ཁྱབ་བསྒྲགས་བྱས་ཏེ་ལས་ཐོག་ཉེས་གསོག་ཐེར་འདོན་བྱེད་མཁན་སྲུང་སྐྱོབ་བྱེད་པ་དང་བྱ་དགའ་སྤྲོད་པའི་ལས་དོན་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།
         གཏན་འབེབས་ནང་མི་སྒེར་དང་ཚན་པས་ཁྲིམས་ལྟར་མིང་དངོས་བཀོད་ནས་ལས་ཐོག་ཉེས་གསོག་ཐེར་འདོན་བྱ་རྒྱུའི་སྐུལ་མ་བཏང་བ་དང་འབྲེལ་མི་སྒེར་དང་ཚན་པ་གང་རུང་གིས་ཁྲིམས་ལྟར་ཞིབ་དཔྱོད་ལས་ཁུངས་ལ་ལས་ཐོག་ཉེས་གསོག་ཐེར་འདོན་བྱས་པ་དེའི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་དགོས་པ་དང་ཞིབ་དཔྱོད་ཁང་གིས་ཐེར་འདོན་ནང་དོན་དང་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་ངེས་པར་དུ་གསང་སྲུང་ནན་པོ་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད།
         གཏན་འབེབས་ནང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐེར་འདོན་ཁུངས་སྣེ་བདག་སྤྲོད་དང་། ཐོ་བཀོད། ཉར་ཚགས། རྩིས་སྤྲོད་བཅས་བྱེད་པ་དང་། བརྟག་དཔྱད་ར་སྤྲོད་བྱེད་པ། ཐེར་འདོན་བྱེད་མཁན་ལ་ལན་འདེབས་པ་སོགས་ཀྱི་ལྷུ་ཚིགས་ནང་བརྩི་སྲུང་ཞུ་དགོས་པའི་གསང་སྲུང་བྱ་ཐབས་ཁག་བརྒྱད་གསལ་པོ་བཏོན་ཡོད་པ་སྟེ། ཐེར་འདོན་བདག་སྤྲོད་ཆེད་མི་ཞིག་གིས་འགན་འཁུར་དགོས་པ་དང་། ཆེད་མངགས་ལས་སྒྲུབ་བྱ་ཡུལ་ལམ་ཡང་ན་ཆེད་བཙུགས་དྲ་ཚིགས་དང་ཁ་པར་བརྒྱུད་ནས་ཐེར་འདོན་བདག་སྤྲོད་བྱེད་དགོས་པ། འབྲེལ་བ་མེད་པའི་མི་སྣ་ལས་སྒྲུབ་བྱེད་ཡུལ་དུ་སྡོད་མི་ཆོག་པ་དང་། ཐེར་འདོན་ཁུངས་སྣེ་ཆེད་མི་ཞིག་གིས་ཆེད་སྤྱོད་གློག་ཀླད་སྤྱད་དེ་ཐོ་བཀོད་དགོས་པ་དང་གསང་རྟགས་བཟོས་ནས་དོ་དམ་ནན་པོ་བྱེད་དགོས་པ། ཆེད་བཙུགས་ཐེར་འདོན་དྲ་ཚིགས་བརྒྱུད་དེ་ཐེར་འདོན་བྱེད་མཁན་དང་འབྲེལ་བ་བྱེད་པ་དང་ལན་འདེབས་སྐབས་ཐེར་འདོན་བྱེད་མཁན་གྱིས་ལས་ཐོག་ཉེས་གསོག་ཐེར་འདོན་ཞུ་དུས་ཐོབ་པའི་བློ་འདྲིའི་གསང་རྟགས་ཞིབ་བསྡུར་བྱེད་དགོས་པ་དང་ལན་འདེབས་སྐབས་ཐེར་འདོན་བྱས་པའི་ནང་དོན་སོགས་དང་འབྲེལ་བ་མེད་པ་བྱེད་དགོས་པ་བཅས་སོ།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་འཛིན་ལག་ལེན་དངོས་ཁྲོད་ཐེར་འདོན་ཞུ་མཁན་ལ་རྡུང་རྡེག་འཁོན་སློག་གི་བྱེད་སྤྱོད་ནང་མི་ལུས་དང་རྒྱུ་ནོར་གྱི་ཁེ་དབང་ལ་ཐད་ཀར་གནོད་འཚེ་གཏོང་བའི་མངོན་གསལ་དུ་འཁོན་ལན་སློག་པ་ཕུད། ད་དུང་དབང་ཆ་སྤྱད་དེ་ཐེར་འདོན་བྱེད་མཁན་ལ་ཕྱོགས་གཞན་ནས་རྡུང་རྡེག་གཏོང་བའི་ལྐོག་ཏུ་འཁོན་ལན་སློག་པའང་ཚུད་ཡོད། དཔེར་ན། ལས་གནས་ནས་ཁ་བྲལ་དུ་བཅུག་པ་དང་། ལས་སྒྱུར་བྱེད་བཅུག་པ། གདན་ཞུ་བྱེད་མཚམས་འཇོག་པ། གོ་གནས་སྤོར་མི་བཅུག་པ། བྱ་དགའ་སྤྲོད་མཚམས་འཇོག་པ་སོགས་སོ། འཁོན་སློག་བྱེད་སྟངས་དེ་རིགས་ཁེ་ལས་སམ་ཡང་ན་ལས་ཁུངས་ཀྱི་རྒྱུན་གཏན་ལམ་ལུགས་ཚད་ལྡན་དང་ནང་ཁུལ་དོ་དམ་དབང་ཚད་དང་འབྲེལ་བ་ཡོད་པས་ངོས་འཛིན་བྱེད་སྐབས་དཀའ་ངལ་ཆེན་པོ་ཡོད། དེའི་ཐད་གཏན་འབེབས་ནང་མངོན་གསལ་འཁོན་སློག་དང་ལྐོག་ཏུ་འཁོན་སློག་ལ་དཔེ་སྟོན་གཏན་འབེབས་བྱས་ཏེ“རྡུང་རྡེག་འཁོན་སློག”གི་གནས་ཚུལ་རིགས་བཅུ་གསལ་པོ་བཟོས་ཡོད་པ་སྟེ། གཏུམ་སྤྱོད་སྤེལ་བ་དང་འཇིགས་སྐུལ་བྱེད་པའམ་ཡང་ན་མི་ལུས་རང་དབང་ལ་ཁྲིམས་འགལ་ངང་ཚོད་འཛིན་བྱེད་པ་སོགས་ལ་བརྟེན་ནས་ཐེར་འདོན་བྱེད་མཁན་དང་དེའི་ནང་མིའི་མི་ལུས་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། ཐེར་འདོན་ཞུ་མཁན་དང་དེའི་ནང་མིའི་རྒྱུ་ནོར་ཁྲིམས་འགལ་ངང་ཧམ་བཟུང་བྱེད་པའམ་ཡང་ན་གྱོང་གུན་གཏོང་བ། ཐེར་འདོན་བྱེད་མཁན་དང་དེའི་ནང་མིར་ཉེས་མེད་ཉེས་འགེལ་བྱེད་པ། ཐེར་འདོན་བྱེད་མཁན་དང་དེའི་ནང་མིར་བརྙས་བཅོས་དང་དམའ་འབེབས་གཏོང་བ། ཐེར་འདོན་བྱེད་མཁན་དང་དེའི་ནང་མིར་གཏན་འབེབས་ལས་འགལ་ནས་གདན་ཞུ་བྱེད་མཚམས་འཇོག་པ་དང་། ལས་གནས་ནས་ཕྱིར་སློག་བྱེད་པ། ལས་གནས་ནས་ཕུད་པ། ཐེར་འདོན་བྱེད་མཁན་དང་དེའི་ནང་མིའི་གླ་ཕོགས་དང་། བྱ་དགའ། ཕན་བདེའི་གཟིགས་སྐྱོང་གཞན་དག་བཅས་ཐད་ཀར་འཕྲི་འཐེན་དང་ཕྱོགས་གཞན་ཞིག་ནས་འཕྲི་འཐེན་བྱེད་པ། ཐེར་འདོན་བྱེད་མཁན་དང་དེའི་ནང་མིར་རྒྱུ་མཚན་མེད་པར་ཏང་གི་སྒྲིག་ཡིག་དང་ཆབ་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པའམ་ཡང་ན་རྒྱུ་མཚན་མེད་པར་གཏན་འབེབས་ལས་འགལ་ནས་ཆད་པ་ནན་དུ་གཏོང་བ། ཐེར་འདོན་བྱེད་མཁན་དང་དེའི་ནང་མིའི་གོ་གནས་འཕར་བ་དང་། ལས་གནས་བཀོད་སྒྲིག གདེང་འཇོག་ཞིབ་དཔྱད་སོགས་ནས་གནོད་སྐྱེལ་བ་དང་བཙན་གནོན་བྱེད་པ། ཐེར་འདོན་བྱེད་མཁན་དང་དེའི་ནང་མིས་ལུགས་མཐུན་ངང་འདུན་ཞུ་བྱས་པ་དེར་ཆོག་མཆན་སྤྲོད་དགོས་ཀྱང་ཆོག་མཆན་མི་སྤྲོད་པའམ་ཡང་ན་ནར་འགྱངས་བྱེད་པ། ཐེར་འདོན་བྱེད་མཁན་དང་དེའི་ནང་མིའི་ཁྲིམས་མཐུན་ཁེ་དབང་གཞན་དག་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་གཞན་དག་སྤེལ་བ་བཅས་སོ།
         གཏན་འབེབས་ནང་ཐེར་འདོན་བྱ་དགའ་སྤྲོད་ཁོངས་གསལ་པོ་བཟོས་ནས་ཐེར་འདོན་ཁུངས་སྣེ་བདེན་པ་ཡིན་པ་ར་སྤྲོད་ཐུབ་པ་དང་ཐེར་འདོན་བྱ་ཡུལ་གྱིས་དངོས་འབྲེལ་ཉེས་པ་བསགས་པ་གཏན་འཁེལ་བྱུང་ཐོག་ཐེར་འདོན་ཁུངས་སྣེ་མཁོ་འདོན་ཧུར་ཐག་བྱས་པ་དང་གྱོད་གཞི་མྱུལ་ཞིབ་ལ་གཞོགས་འདེགས་བྱས་པའི་མིང་དངོས་ཐོག་ནས་ཐེར་འདོན་བྱེད་མཁན་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བསམ་བློ་དང་དེ་བཞིན་དངོས་པོའི་བྱ་དགའ་ངེས་ཅན་སྤྲོད་དགོས་པའི་གཏན་འབེབས་བྱས་ཡོད། དུས་མཚུངས་གཏན་འབེབས་ནང་བྱ་དགའི་དངུལ་གྲངས་དང་ཐེར་འདོན་ཞུ་མཁན་སྲུང་སྐྱོབ་དང་བྱ་དགའ་སྤྲོད་པའི་ལས་དོན་ནང་འགན་འཛོལ་ཤོར་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འབེབས་གསལ་པོ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།