འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“བྱ་ཐབས་བཅུ”ལ་བརྟེན་ནས་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་
    ལས་བྱེད་པར་ཐུགས་ཁུར་དང་སྐུལ་ལྕག་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ཡིས་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་བཅས་དང་མཉམ་དུ་《ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད་)ལས་བྱེད་པར་ཐུགས་ཁུར་དང་སྐུལ་ལྕག་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བྱ་ཐབས་ཁག་བཅུ་》བཟོས་པ་དང་འབྲེལ“འགན་ལེན་བཞི”དང་། “ཤུགས་སྣོན་བཞི”“དོན་འཁྱོལ་གཉིས”བཅས་བྱ་ཐབས་ཁག་བཅུ་བཏོན་ཏེ་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད་)ལས་བྱེད་པའི་ལས་ཀ་དང་འཚོ་བའི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་པ་དང་འབྲེལ་ཁོང་ཚོ་གྲོང་ཚོར་སེམས་གནས་པ་དང་གཞི་རིམ་དུ་གཞི་ཚུགས་རྒྱུར་འགན་ལེན་བྱས་ཐོག“གཅིག་འབྲེལ་གཉིས་རོགས་གསུམ་བཅོས”བཅས་ཀྱི་ལས་ཀའི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་ཡང་བྱས་པ་རེད།
         “འགན་ལེན་བཞིར”བརྟེན་ནས་ལས་ཀ་དང་འཚོ་བའི་དཀའ་ངལ་ཐག་གཅོད་བྱས་པ་དང་སེམས་ཁྲལ་སེལ་ཞིང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཚོ་དབུལ་པོ་མང་ཆེ་བ་ཐག་རིང་ལུང་ཁུག་ཏུ་གནས་པར་བརྟེན་འཚོ་བའི་ཆ་རྐྱེན་དཀའ་ཚེགས་ཆེན་པོ་ཡོད། རྒྱ་ཆེའི་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད་)ལས་ཀ་བྱེད་མཁན་ལས་བྱེད་པ་མང་པོ་ཞིག་གི་འཚོ་བ་སྐྱོ་ཙམ་དང་ལས་ཀ་དཀའ་ཚེགས་ཆེ་བ་མ་ཟད། ཟ་སྡོད་སོགས་ཐད་དཀའ་ངལ་མངོན་གསལ་འཕྲད་ཡོད། “བྱ་ཐབས་བཅུའི”ནང་འཚོ་བ་དང་། ལས་དོན། བདེ་འཇགས། འགྲོ་གྲོན་སོགས་ཕྱོགས་བཞིའི་ཐད་ནས་འགན་ལེན་བླང་བྱ་ཞིབ་ཚགས་སུ་བཏང་ཡོད། འཚོ་བའི་ཐད་མངགས་གཏོང་ཚན་པས་དགོས་མཁོ་གཞིར་བཟུང་ཐབ་ཆས་དང་། གཡོས་སྣོད། ཉལ་གདན་(དྲོད་ལེན་ཡོ་ཆས་དང་མཁའ་རླུང་སྙོམས་སྒྲིག་ཡོ་ཆས་)སོགས་འཚོ་བའི་སྒྲིག་ཆས་སྤྲད་པ་དང་ཟ་སྡོད་དང་། དྲོད་ལེན། ཆུ་སྤྱོད། གློག་སྤྱོད། འཕྲིན་གཏོང་། གསང་སྤྱོད་སོགས་ཀྱི་དཀའ་ངལ་ཐག་གཅོད་བྱས་པ་དང་། ལས་དོན་ཐད་མངགས་གཏོང་ཚན་པས་གློག་ཀླད་དང་། ཡིག་དཔར་འཕྲུལ་ཆས། བརྙན་སྐྱེལ་འཕྲུལ་ཆས། ཤོག་བུ།དྲ་བ་སོགས་ཀྱི་གཞུང་ལས་སྒྲིག་ཆས་སྤྲོད་དགོས་ལུགས་ཁ་གསལ་བཏོན་པ། བདེ་འཇགས་ཐད་མངགས་གཏོང་ཚན་པས་དུས་བཀག་ལྟར་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད་)ལས་བྱེད་པ་གཟུགས་པོ་བརྟག་དཔྱད་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚང་མར་ཐོལ་བྱུང་རྨས་སྐྱོན་གྱི་འགན་བཅོལ་བཟོས་པ་དང་བཅའ་སྡོད་བྱ་ཡུལ་ས་ཁུལ་དང་། རྫོང་། ཤང་བཅས་ཏང་ཨུད་དང་སྲིད་གཞུང་དང་རྩ་འཛུགས་སྡེ་ཚན་གྱིས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་རྒྱུའི་གཏན་འབེབས་བྱས་པ། འགྲོ་གྲོན་འགན་ལེན་ཐད་མངགས་གཏོང་ཚན་པས་མངགས་གཏོང་བྱེད་སའི་ས་ཁུལ་དང་། རྫོང་། ཤང་བཅས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་མཉམ་དུ་འགན་འཁུར་ནས་བཅའ་སྡོད་ལས་བྱེད་པའི་དཀའ་ཚེགས་ཆེ་བ་དང་ཐག་རིང་ས་ཁུལ་གྱི་གླ་ཕོགས་ཁ་གསབ་དང་ཤང་(གྲོང་རྡལ་)གི་ལས་གནས་ཁ་གསབ་ཀྱི་དངུལ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་དགོས་པ་དང་འབྲེལ་ཞིབ་བཤེར་གཏན་འཁེལ་གྱི་ཚད་གཞིའི་ནང་དགོས་ངེས་ཀྱི་ལས་ཀའི་གྲོན་དངུལ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མིག་སྔར་མངགས་གཏོང་ཚན་པ་དང་མངགས་གཏོང་ས་ཁུལ་དང་རྫོང་ནོར་སྲིད་ཀྱིས་ལས་དོན་རུ་ཁག་ཚང་མར་ལས་ཀའི་གྲོན་དངུལ་སྒོར་5000ནས་སྒོར་ཁྲི་1བར་དང་སྒོར་ཁྲི་1ནས་སྒོར་ཁྲི་4བར་བཀོད་སྒྲིག་བྱས་ཡོད་པ་རེད།
         “ཤུགས་སྣོན་བཞིར”བརྟེན་ནས་རྒྱུན་གཏན་གྱི་དོ་དམ་ཞབས་ཞུ་དོན་འཁྱོལ་བྱས་ནས་དོ་དམ་ནན་པོ་བྱེད་པའི་ཐོག་དགའ་གཅེས་ཀྱང་མངོན་པ་བྱས་ཡོད།“ཤུགས་སྣོན་བཞི”སྟེ་དོ་དམ་དང་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ་དང་། བཅར་འདྲི་དང་འཚམས་འདྲིར་ཤུགས་སྣོན་རྒྱག་རྒྱུ། མི་ཆོས་ཀྱི་ཐུགས་ཁུར་ལ་ཤུགས་སྣོན་རྒྱག་རྒྱུ། སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན། ས་གནས་ཁག་གི་ཏང་ཨུད་དང་། སྲིད་གཞུང་། རྩ་འཛུགས་སྡེ་ཚན། མངགས་གཏོང་ཚན་པ་བཅས་ཀྱིས་དབུལ་སྐྱོར་ལས་བྱེད་པར་དགའ་གཅེས་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁོང་ཚོའི་ངར་ཤུགས་འཕེལ་ཐུབ་པ་བྱས་ཏེ་ཁོང་ཚོར་གདེང་ཚོད་ཡོད་པ་དང་བྱ་གཞག་སྒྲུབ་རྒྱུའི་བརྩོན་སེམས་ཡོད་པ་བྱས་ཡོད། དོ་དམ་ཞབས་ཞུའི་ཐད་རྫོང་(གྲོང་ཁྱེར་དང་ཆུས་)ཨུད་རྩ་འཛུགས་པུས་ཏང་སྲིད་ཀྱི་འགན་ཁུར་བ་གཙོ་བོ་དང་སྤེལ་རེས་དང་འབྲེལ་བ་བྱེད་པའི་ལམ་ལུགས་འཛུགས་པ་དང་དེར་ཤུགས་སྣོན་བརྒྱབ་སྟེ་དུས་ངེས་མེད་ངང་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་ཀའི་སྙན་སེང་ཉན་པ་དང་། ལས་ཀའི་གནས་ཚུལ་ཁོང་དུ་ཆུད་པ། དཀའ་ངལ་སེལ་སྟངས་ཤེས་རྟོགས་བཅས་བྱས་ནས་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚང་མའི་དབར་སྤེལ་རེས་དང་འབྲེལ་བ་བྱེད་པའི་ལམ་སྲོལ་བཟོ་དགོས་པ་དང་གྲོང་ཚོ་ཡོངས་སུ་སྐྱོད་པ་དང་། མིང་ངེས་པ་བྱེད་པ། ཁ་པར་ཨང་གྲངས་ཉར་བ། ཤང་དང་གྲོང་རྡལ་གྱི་ཏང་ཨུད་དང་སྲིད་གཞུང་དུ་འབྱོར་ཐོ་ནན་ཏན་འགོད་པ་བཅས་བྱས་ནས་གཟའ་འཁོར་རེར་ལྟ་བར་བསྐྱོད་ནས་དགོས་ངེས་ཀྱི་འཚོ་བའི་མཁོ་ཆས་དང་སྔོ་ཚལ་སྐྱེལ་དགོས་པ་ཁ་གསལ་བཏོན་ཡོད། བཅར་འདྲི་དང་འཚམས་འདྲིའི་ཐད་མངགས་གཏོང་ཚན་པ་དང་བཅའ་སྡོད་བྱ་ཡུལ་ས་ཁུལ་དང་། རྫོང་། ཤང་བཅས་ཏང་ཨུད་དང་སྲིད་གཞུང་གིས་བརྟག་དཔྱད་ཞིབ་འཇུག་དང་། བཅར་འདྲི་དང་འཚམས་འདྲི། སྙིང་གཏམ་ཤོད་རེས་བཅས་ཉུང་མཐར་ཡང་ཐེངས་4དང་ཐེངས་2ལས་མི་ཉུང་བ་བྱས་ཏེ་ལས་བྱེད་པའི་བསམ་བློའི་གནས་ཚུལ་ཤེས་རྟོགས་དང་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྤྲོ་སེམས་འཕེལ་བ་བྱེད་དགོས་པ་ཁ་གསལ་བཏོན་པ། མི་ཆོས་ཀྱི་ཐུགས་ཁུར་ཐད་མངགས་གཏོང་ཚན་པ་དང་བཅའ་སྡོད་བྱ་ཡུལ་ས་ཁུལ་དང་། རྫོང་། ཤང་བཅས་ཀྱི་ཏང་ཨུད་དང་། སྲིད་གཞུང་། རྩ་འཛུགས་སྡེ་ཚན་བཅས་ཀྱིས་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད་)ལས་བྱེད་པའི་བསམ་བློ་དང་། སློབ་སྦྱོང་། ལས་ཀ་དེ་བཞིན་འཚོ་བ་བཅས་ལ་སེམས་ཁུར་བྱེད་པ་དང་གྲོང་ཚོའི་ལས་བྱེད་པའི་བསམ་བློར་གནད་དོན་ཐོན་ཚེ་ངེས་པར་དུ་རོགས་རམ་བྱེད་པ་དང་། ནད་གཞིས་རྐྱེན་པས་སྨན་ཁང་དུ་ལུས་སྐབས་ངེས་པར་དུ་འཚམས་འདྲི་བྱེད་པ། གློ་བུར་གནོད་འཚེ་ཐོན་ཚེ་ངེས་པར་དུ་འཚམས་འདྲི་བྱེད་པ། ཁྱིམ་ཚང་ལ་དཀའ་ངལ་འཕྲད་སྐབས་ངེས་པར་དུ་འཚམས་འདྲི་བྱེད་པ། ལས་ཀར་དཀའ་ངལ་ཆེན་པོ་འཕྲད་སྐབས་ངེས་པར་དུ་འཚམས་འདྲི་བྱེད་པ་བཅས“འཚམས་འདྲི་ལྔ”དང་གླ་ཕོགས་ཡོད་པའི་འཁོར་ཤག་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཐུགས་ཁུར་དང་དྲོ་སྐྱིད་བརྒྱུད་སྤྲོད་བྱ་རྒྱུའི་བླང་བྱ་བཏོན་པ། སློབ་སྦྱོང་དང་གསོ་སྦྱོང་ཐད་བཅའ་སྡོད་བྱ་ཡུལ་ས་ཁུལ་དང་། རྫོང་། ཤང་བཅས་ཏང་ཨུད་དང་སྲིད་གཞུང་གིས་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད་)ལས་བྱེད་པའི་ཆབ་སྲིད་དང་ལས་སྒོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་རྟག་ཏུ་ལས་ཀ་བྱ་རྒྱུ་ཡོད་པ་དང་རྒྱུན་དུ་མཐོང་རྒྱ་ཆེ་རུ་འགྲོ་ཐུབ་པ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་། རྗེས་ལུས་བཅོས་སྒྲིག བརྟན་ལྷིང་སྲུང་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་སྦྱོང་བརྡར་ཐེབས་ཐུབ་པ་དང་ཉམས་མྱོང་གསོག་ཐུབ་པ་བྱས་ཏེ་གཞི་རིམ་གྱི་ལས་དོན་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
         “དོན་འཁྱོལ་གཉིས”ལ་བརྟེན་ནས་སྐུལ་ལྕག་བྱ་རྒྱུར་སྣང་ཆེན་བྱེད་པ་དང་སྦྱོང་བརྡར་བྱས་ནས་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། “དོན་འཁྱོལ་གཉིས”ནི་ལྕག་སྐུལ་གྱི་བྱེད་ཐབས་དང་གྲོང་ཚོར་བཅའ་སྡོད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དེ་ཡིན། མངགས་གཏོང་ཚན་པས་འབྲེལ་ཡོད་ལམ་ལུགས་དོན་འཁྱོལ་བྱེད་པ་དང་གྲོང་ཚོར་བཅའ་སྡོད་བྱེད་རིང་དང་གྲོང་ཚོར་བཅའ་སྡོད་ཀྱི་དུས་ཚོད་ཐིམ་རྗེས་ཕུལ་བྱུང་གི་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད་)ལས་བྱེད་པ་ཆ་རྐྱེན་གཅིག་མཚུངས་འོག་ལས་ཁུངས་ཀྱི་ལས་བྱེད་པས་ལེགས་འདེམས་སྔོན་འདེམས་བྱེད་པ་དང་གནས་སྤར་བསྐོ་སྤྱོད་སོགས་བྱེད་སྐབས་སྔོན་ལ་བསམ་བློ་གཏོང་བ་དང་། བྱ་གཞག་ཚན་པའི་ལས་དོན་རུ་མིར་སྔོན་ལ་གོ་མིང་སྤྲོད་པ། ཁེ་ལས་མི་སྣར་གླ་ཕོགས་དང་བྱ་དགའི་དངུལ་ཚང་མ་སྤྲོད་པ་དང་འབྲེལ་གླ་ཆ་སྤོར་དགོས་པ་བཅས་ཀྱི་བླང་བྱ་ཁ་གསལ་བཏོན་ཡོད། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད་)ལས་བྱེད་པ་ཚོས་འགན་འཁྲི་དང་འོས་འགན་བློ་ལ་བརྟན་པོ་ངེས་པ་དང་། སྲིད་ཇུས་ཀྱི་བླང་བྱ་བློ་ལ་ངེས་པ། བྱེད་ཐབས་དང་བྱ་ཐབས་ཁ་གསལ་བཟོ་བ། མང་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པ། ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལག་ལེན་དངོས་ཀྱི་ཁྲོད་སྦྱོང་བརྡར་ཐེབས་པ་དང་འཇོན་ཐང་འཕེལ་བ་བྱས་ནས་རྩ་འཛུགས་ཀྱི་མངགས་བཅོལ་ཟབ་མོ་དང་མང་ཚོགས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་མི་རུང་བའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།