འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པའི་མཛོད་དགེས་རྣམ་གྲངས་གལ་ཆེན་དྲུག་གཅིག་སྡུད་ཐོག་ལས་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཛོད་དགེ་རྫོང་གིས་2016“རྣམ་གྲངས་ལོའི”རྣམ་གྲངས་གལ་ཆེན་གཅིག་སྡུད་ལས་འགོ་འཛུགས་པའི་མཛད་སྒོ་གཉེར་ཞིང་། ཁག་དང་པོའི་གཅིག་སྡུད་ལས་འགོ་འཛུགས་པའི་རྣམ་གྲངས་གལ་ཆེན་དྲུག་ནང་ཐོན་ལས་འཕེལ་རྒྱས་དང་། སྣོད་བཅུད་སྲུང་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། དམངས་འཚོ་འགན་ལེན་སོགས་ཁྱབ་ཁོངས་མང་པོ་ཚུད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.45བཏང་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་གལ་ཆེན་དྲུག་དེ་དག་འདི་ལོའི་ནང་ལེགས་གྲུབ་ཟིན་པ་བྱ་རྒྱུ་རེད།
         རྣམ་གྲངས་གལ་ཆེན་དྲུག་སོ་སོ་ནི་རྫོང་དེའི་བཟོ་པའི་རིག་གནས་ཕོ་བྲང་དང་རྫོང་དེའི་ལས་བཟོའི་རོགས་སྐྱོར་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་དང་། གྲོང་ཁུལ་གྱི་གློག་དྲ་སྒྱུར་བཀོད་རྣམ་གྲངས། བབ་བཟོ་ཤང་ལྟེ་བའི་སློབ་གྲྭའི་སློབ་ཁྲིད་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་རྣམ་གྲངས། གྲོང་ཁྱེར་གྱི་འཚོ་བའི་ཆུ་སྙིགས་བཤངས་འབུད་ལས་གྲྭ་(དུས་ཐེངས་གཉིས་པ་)འཛུགས་སྐྲུན་རྣམ་གྲངས། ཁ་དགའ་འདམ་ར་སྲུང་སྐྱོང་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གི་དུས་ཐེངས་དང་པོའི་འཛུགས་སྐྲུན་རྣམ་གྲངས། ཀྲུང་གོ་གློག་ཤུགས་མ་འཇོག་ཀུང་སིའི་ཀྲའོ་ཝ་30ཡི་འོད་ཤུགས་གློག་འདོན་རྣམ་གྲངས་བཅས་ཡིན་པ་རེད། དེའི་ནང་མ་དངུལ་གཏོང་འབོར་མང་ཤོས་ནི་ཀྲུང་གོ་གློག་ཤུགས་མ་འཇོག་ཀུང་སིའི་ཀྲའོ་ཝ་30ཡི་འོད་ཤུགས་གློག་འདོན་རྣམ་གྲངས་ཡིན་པ་དེར་མ་དངུལ་སྒོར་དུང་ཕྱུར་3བཏང་ཡོད་པ་རེད།
         འདི་ལོ་མཛོད་དགེ་རྫོང་གིས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་འཛུགས་སྐྲུན་རྣམ་གྲངས་146ལག་ལེན་བསྟར་བར་མ་དངུལ་སྒོར་དུང་ཕྱུར་20.69གཏོང་རྩིས་ཡོད་པ་རེད། དེའི་ནང་གཙོ་གནད་རྣམ་གྲངས་28ཡོད་པར་མ་དངུལ་སྒོར་དུང་ཕྱུར་15.7གཏོང་རྩིས་ཡོད་པ་རེད། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱ་ཆེད། མཛོད་དགེ་རྫོང་གིས་ས་ཁོངས་སོ་སོའི་གནམ་གཤིས་མི་འདྲ་བའི་དོན་དངོས་གནས་ཚུལ་ལ་གཞིགས་ནས“ཁུལ་དབྱེ་ལས་འགོ་འཛུགས་རྒྱུའི”བྱ་ཐབས་སྤྱད་པ་དང་འབྲེལ་རྣམ་གྲངས་སྐུལ་སྤེལ་འགོ་ཁྲིད་ཚོགས་ཆུང་བཙུགས་ཐོག་དོ་དམ་དང་འགན་འཁུར་མི་སྣ་དོན་འཁྱོལ་བྱས་ཏེ་འཛུགས་སྐྲུན་ལས་ཡུན་འགན་ལེན་གྱིས་སྔ་ཙམ་ལས་འཇུག་འགྲིལ་ཐུབ་པ་དང་། སྔ་ཙམ་བེད་སྤྱོད་ཐུབ་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།