འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་སྤྱི་སྤྱོད་རླངས་འཁོར་ཐོག་རིན་མེད་wifiམཁོ་འདོན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་ཕྱོགས་ནས་ཤེས་རྟོགས་བྱུང་གསལ། གྲོང་མི་དང་ཡུལ་སྐོར་བར་སྟབས་བདེ་སྐྲུན་ཆེད། ད་ལོ་ལྷ་སའི་སྤྱི་སྤྱོད་རླངས་འཁོར་དང་ཡུལ་སྐོར་རླངས་འཁོར་ཐོག་རིན་མེད་wifiམཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཚོགས་པའི་སྤྱི་ཁྱབ་ཀུང་སིའི་འགན་འཁུར་བ་ཚའོ་ཀྲི་མིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལྷ་སའི་འགྲིམ་འགྲུལ་གྱི་རིག་ལྡན་བཀོད་གཏོང་ལྟེ་གནས་ཉེ་ཆར་སྤྱོད་འགོ་ཚུགས་རྩིས་ཡོད་ཅིང་། ལྟེ་གནས་དེ་འཁོར་སྐྱོད་བྱས་རྗེས་སྤྱི་སྤྱོད་རླངས་འཁོར་དང་ཡུལ་སྐོར་རླངས་འཁོར་ཐོག་རིན་མེད་wifiམཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         དེ་མིན་ལྷ་སའི་སྤྱི་སྤྱོད་རླངས་འཁོར་གྱི་འཁོར་རིགས“མོ་ཊ་ཡོང་གི་འདུག”ཟེར་བའི་རིག་ལྡན་APPའཕྲིན་སྟེགས་ནང་ཞུགས་ཚེ། འགྲུལ་པ་ཚོས་ལག་ཐོགས་ཁ་པར་ནས་སྤྱི་སྤྱོད་རླངས་འཁོར་ཡོང་མིན་དང་། དུས་ཚོད། བབས་ཚུགས་བཅས་གསལ་པོར་ཤེས་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།