འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།པར་རྙིང་གསུམ་ལས་ཡུན་ནན་བོད་རིགས་ཁུལ་དུ་འཕོ་འགྱུར་ཆེན་པོ་བྱུང་ཚུལ་ར་སྤྲོད་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པར་རྙིང་གསུམ་ལས་ཡུན་ནན་བོད་རིགས་ཁུལ་དུ་འཕོ་འགྱུར་ཆེན་པོ་བྱུང་ཚུལ་ར་སྤྲོད་ཐུབ་པ།
         གཡོན་གྱི་པར་གོང་མ་ནི་2016ལོའི་ཟླ་3ཚེས་25ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་གི་ལོ་82ལ་སླེབས་པའི་བགྲེས་སོང་ཞུས་ཀྲེ་ཁྲེང་གིས་སྔོན་མའི་པར་ལ་གཟིགས་པའི་གནས་ཚུལ་ཡིན་པ། གཡས་ཀྱི་པར་གོང་མ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་གིས་གཉེར་བའི་རྩིས་པའི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་བོད་རིགས་སློབ་མས་ཟོན་ཕན་སྦྱོང་བ་(1961ལོའི་ཟླ་བ་བཅུ་གཅིག་པར་བླངས་པའི་དཔྱད་གཞིའི་པར་རིས)ཡི་གནས་ཚུལ་ཡིན་པ། གཡོན་གྱི་པར་འོག་མ་ནི2016ལོའི་ཟླ་3ཚེས་22ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཏུའུ་ཁེ་ཙུང་སློབ་ཆུང་གི་བོད་རིགས་སློབ་ཕྲུག་འགའ་ཞིག་ལ་རྩིས་རྒྱག་འཕྲུལ་འཁོར་གྱི་སློབ་ཚན་འཁྲིད་པའི་གནས་ཚུལ་ཡིན་པ། གཡས་ཀྱི་པར་འོག་མ་ནི་2016ལོའི་ཟླ་3ཚེས་25ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ནོར་དོན་ཁང་གི་རྩིས་པ་ཝུའེ་ཞ་ཡིས་རྩིས་རྒྱག་འཕྲུལ་འཁོར་ལ་བརྟེན་ནས་རྩིས་རྒྱག་པའི་གནས་ཚུལ་ཡིན་པ།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།