འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཐང་གའི་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 08:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་6ཉིན་རིག་གནས་པུའུ་དང་སློབ་གསོ་པུའུ་གཉིས་ཀྱིས་གཙོ་གཉེར་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་གཉེར་འགན་འཁུར་བའི་ཀྲུང་གོ་མངོན་མིན་རིག་གནས་ཤུལ་བཞག་ཐང་གའི་རྒྱུན་འཛིན་མི་ཚོགས་མགོ་ལོག་འཛིན་གྲྭའི་གསོ་སྦྱོང་འཛིན་གྲྭ་དེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་གཉེར་འགོ་ཚུགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མཚོན་བྱེད་རང་བཞིན་ལྡན་པའི་རྒྱུན་འཛིན་སློབ་མ་དང་དེ་བཞིན་ཐང་གའི་འབྲི་རྩལ་ངེས་ཅན་ཁོང་དུ་ཆུད་པའི་དམངས་ཁྲོད་སྒྱུ་རྩལ་པ་གཞོན་དར་61གིས་དུས་ཡུན་ཟླ་བ་གཅིག་ཡིན་པའི་གསོ་སྦྱོང་དང་དུ་ལེན་རྒྱུ་ཡིན་པ་རེད།
         ཐང་གའི་སྒྱུ་རྩལ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་རིགས་གལ་ཆེན་ཞིག་ཡིན་ལ། དེར་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད། དེ་རྒྱུན་འཛིན་གྱི་སྒྱུ་རྩལ་པའང་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་མགོ་ལོག་ཀྲོའུ་རུ་ཐང་ག་འབྲི་རྩལ་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་སྒྱུ་རྩལ་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཏེ་དཔལ་འབྱོར་ཕན་ནུས་རྒྱུན་ཆད་མེད་པར་ཐོན་ཡོད། ཡིན་ན་ཡང་ཐང་གའི་སྒྱུ་རྩལ་པའི་རིག་གནས་བྱང་ཚད་མཐོ་པོ་མེད་པ་དང་དེང་རབས་རི་མོའི་རྨང་གཞིའི་ཤེས་བྱ་ཞན་པ་སོགས་ཀྱི་གནད་དོན་ཡང་འབུར་དུ་ཐོན་ཡོད་པས་ཐེངས་འདིའི་གསོ་སྦྱོང་བརྒྱུད་ཐང་གའི་རྒྱུན་འཛིན་མི་ཚོགས་ཀྱི་སྒྱུ་རྩལ་བྱང་ཚད་དང་གསར་གཏོད་ནུས་པ་དང་། གསོ་སྦྱོང་ནང་ཞུགས་མཁན་ཚོའི་མཐོང་རྒྱ་ཆེ་རུ་བཏང་བའི་ཁར་མཚོ་བོད་ས་མཐོའི་རྒྱུན་འཛིན་མི་ཚོགས་ཤེས་ལྡན་པ་གསོ་སྐྱོང་ལམ་སྲོལ་གསར་གཏོད་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།