འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བར་ལུང་དུ་གཞི་རིམ་ཏང་རྩ་འཛུགས་ཏང་ཡོན་ཉིན་མོའི་བྱེད་སྒོ་ཁྱབ་ཚད་100%ཟིན་པ།

    ཏང་ཡོན་ཐད་ཀར་ཞུགས་ཚད་98%ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་10ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བར་ལུང་རྫོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར། བར་ལུང་རྫོང་གི་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་361གིས། ལམ་ལུགས་ཅན་གྱི་དོ་དམ་ཐོག་ནས་རྫོང་ཡོངས་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཏང་ཡོན་ཉིན་མོའི་བྱེད་སྒོ་ཁྱོན་ཡོངས་ལ་ཁྱབ་པ་བྱས་པ་རེད། མིག་སྔར་རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་ཡོན་ཉིན་མོའི་བྱེད་སྒོ་ཁྱབ་ཚད་100%ཟིན་པ་དང་། ཏང་ཡོན་ཐད་ཀར་ཞུགས་ཚད་98%ཟིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བར་ལུང་རྫོང་གིས། ཟླ་རེའི་ཚེས་1ཉིན་དེ་ཏང་ཡོན་བྱེད་སྒོའི་ཉིན་མོར་གཏན་འཁེལ་བྱས་ཤིང་། ཟླ་རེའི་ཚེས་གཅིག་ཉིན་གྲོང་ཚོའི་ཏང་རྩ་འཛུགས་ཀྱི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། ཏང་ཡོན་སློབ་གསོ་གསོ་སྦྱོང་། ཏང་ཡོན་བྱེད་སྒོ། ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་གཅིག་གྱུར་བཀོད་སྒྲིག་བྱས་པ་རེད། ཤང་གྲོང་ཁག་གི་ཏང་ཨུད་ཀྱིས་གཏན་འབེབས་ནན་པོ་བཟོས་ནས། ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས། འབྱོར་ཐོ་འགོད་པའི་ལམ་ལུགས་བཟོས་ནས། བྱེད་སྒོ་སྤེལ་བའི་ཟིན་ཐོ་ཡག་པོ་བརྒྱབ་པ་དང་དུས་མཚུངས་རྫོང་ཨུད་རྩ་འཛུགས་པུས། ཟླ་བ་མི་རི་ངོ་རེར་ལྟ་སྐུལ་ཞིབ་བཤེར་དང་བརྡ་ཁྱབ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིབ་བཤེར་བྱས་འབྲས་དེ་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་ནང་བཅུག་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་བར་ལུང་རྫོང་གིས། བྱེད་སྒོའི་ཉིན་མོའི་གོ་སྐབས་སྤྱད་དེ་མང་ཚོགས་ལ་ལས་དོན་ཁག་180ལྷག་ཙམ་སྒྲུབ་རོགས་བྱས་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་གླེང་མང་བའི་གནད་དོན་60ལྷག་ཙམ་ཐག་གཅོད་བྱས་ཡོད། གཤོང་ཤན་ཤང་གཤོང་ཤན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ཡུས་ཤིན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས“ཏང་ཡོན་ཉིན་མོའི་བྱེད་སྒོ་སྤེལ་བ་དེས་ང་ཚོས་བྱེད་ཕྱོགས་དང་སྲིད་ཇུས་སློབ་སྦྱོང་ཐུབ་པ་མ་ཟད། ད་དུང་གྲོང་ཚོའི་ལས་དོན་ནང་ཐད་ཀར་ཞུགས་ཐུབ་པ་དང་། གྲོང་ཚོའི་ནང་དམངས་གཙོའི་གྲོས་མོལ་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་པའི་ཁར། གྲོང་ཚོ་འཕེལ་རྒྱས་གཏོང་བའི་ཐད་མང་ཚོགས་དང་ལས་བྱེད་པའི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་པས། ང་ཚོ་དེའི་ནང་ཞུགས་འདོད་ཧ་ཅང་ཆེན་པོ་ཡོད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།