འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་ན་ཏའི་རྒུན་འབྲུམ་ཨ་རག་གིས་ཀྲུང་གོའི་མགྲོན་པོ་བསུ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་10ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒུན་འབྲུམ་ཨ་རག་ནི་ཁ་ན་ཏའི་མིང་བྱང་ཞིག་ཡིན་པ་དང་ཀྲུང་གོར་ཡང་སྐད་གྲགས་ཆེན་པོ་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོར་ཕྱིར་གཏོང་བྱས་པའི་ཁ་ན་ཏའི་རྒུན་འབྲུམ་ཨ་རག་གི་གྲངས་འབོར་ཟམ་མི་ཆད་པར་མང་དུ་སོང་ནས་ལས་རིགས་གཅིག་པའི་མི་སྣ་སྔར་བས་མང་བ་ཞིག་གིས་ཀྲུང་གོའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཞིག་མཐོང་ཡོད་པ་རེད།
         ཁ་ན་ཏའི་ཨན་ཏ་ལུའེ་ཞིང་ཆེན་ཉི་ཡ་ཅ་ལ་ཕྱེད་གླིང་དང་ནུབ་རྒྱུད་ཀྱི་དབུན་ཀོ་ཧྭ་ཉེ་འགྲམ་གྱི་ཨའོ་ཁ་ན་ཀེན་ཧྲན་ཀུའུ་ནི་འཛམ་གླིང་ཐོག་གི་རྒུན་འབྲུམ་ཨ་རག་ཐོན་ཁུལ་སྐད་གྲགས་ཆེ་ཤོས་དེ་རེད། ལྷག་པར་དུ་ཉི་ཡ་ཅ་ལའི་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་བྱེ་སའི་ས་རྒྱུ་ཡག་པོ་ཡོད་པ་དེར་རྒུན་འབྲུམ་སྐྱེ་འཚར་གྱི་ཁྱད་འཕགས་ལེགས་ཆ་ལྡན་ཡོད། དེ་གར་དབྱར་དུས་དྲོ་གྲང་སྙོམས་ཁར་བརླན་བཤེར་ཆེ་བ་དང་དགུན་དུས་གནམ་གྲང་ས་འཁྱགས་ཀྱི་གནམ་གཤིས་བསྟན་པ་དེ་ནི་རྒུན་འབྲུམ་ཨ་རག་ཐོན་སྐྱེད་བྱེད་པའི་ཆ་རྐྱེན་ཡག་ཤོས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         གཡོད་སེ་ཕུའུ་ཨར་ཁང་ནི་ཁ་ན་ཏའི་རྒུན་འབྲུམ་ཨ་རག་སྙོལ་མཁན་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་དེའི་གསར་གཏོད་པ་གཡོད་སེ་ཕུའུ·ཕོ་ཧ་ལིར་ས་གནས་ཀྱི་ལས་རིགས་གཅིག་པས“རྒུན་འབྲུམ་ཨ་རག་གི་ཕ”ཞེས་བརྗོད་ཀྱི་ཡོད་པ་དང་ཁོང་གིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་འཇར་མན་གྱི་རྒུན་འབྲུམ་ཨ་རག་སྙོལ་བཟོའི་ལག་རྩལ་སློབ་སྦྱོང་དང་གསར་གཏོད་བྱས་ནས་སྔོན་མའི་ལག་ཤེས་ཀྱི་བཙིར་གནོན་དེ་འཕྲུལ་ཆས་ཀྱི་བཙིར་གནོན་ལ་བསྒྱུར་བ་དེས་ཁ་ན་ཏའི་རྒུན་འབྲུམ་ཨ་རག་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་པ་རེད། ད་ཆ་ཨར་ཁང་དེ་ཕྱི་ཁོངས་ཀྲུང་གོ་བས་ཉོ་སྒྲུབ་བྱས་ཡོད་པ་རེད།
         ཐོན་ཚད་ནས་བལྟས་ན་ཁ་ན་ཏའི་རྒུན་འབྲུམ་ཨ་རག་དེ་ཧྥ་རན་སེ་སོགས་རྒྱལ་ཁབ་དང་བསྡུར་ཐབས་བྲལ་ཡོད་ཀྱང་ཁ་ན་ཏའི་རྒུན་འབྲུམ་ཨ་རག་གི་ཐོན་ཚད་དེ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཨང་དང་པོ་ཡིན་པ་མ་ཟད། མཁོ་མང་སྤྲོད་ཉུང་ཡིན་པ་རེད། ཁ་ན་ཏའི་རྒུན་འབྲུམ་ཨ་རག་ཚོང་པའི་མཐུན་ཚོགས་ཀྱི་གཞི་གྲངས་ཐོག་ནས་མངོན་པར་ལྟར་ན། ཉེ་བའི་ལོ་ཤས་རིང་ཁ་ན་ཏས་ཀྲུང་གོར་ཕྱིར་གཏོང་བྱས་པའི་རྒུན་འབྲུམ་ཨ་རག་གི་གྲངས་ཚད་ཆེས་ཆེར་མང་དུ་སོང་ཡོད། 2014ལོར་ཁ་ན་ཏས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཁ་ན་ཏའི་སྒོར་མོ་ཁྲི་669(ཨ་སྒོར་ཁྲི་463དང་མཚུངས་)ཟིན་པ་དེས་ཁ་ན་ཏའི་རྒུན་འབྲུམ་ཨ་རག་ཕྱིར་གཏོང་བྱེད་ཚད་ཀྱི་34%བཟུང་བ་དེ་ཨ་རི་དང་ཧན་གོ་སོགས་ཀྱི་ཁྲོམ་ར་ལས་མཐོ་བ་ཡོད། འོན་ཀྱང་གཡོད་སེ་ཕུའུ་ཨར་ཁང་གི་ལག་བསྟར་ལས་རོགས་པ་ལི་ཤའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཨར་ཁང་དེའི་རྒུན་འབྲུམ་ཨ་རག་གི་ཁྲོམ་ར་གཙོ་བོ་ནི་ཨ་མེ་རི་ཁ་གླིང་བྱང་མ་ཡིན་པ་དང་ཕྱི་ཁོངས་ཀྲུང་གོ་བས་ཁྲོམ་ར་བཟུང་ཚད་10%ཡང་མི་ཟིན་པ་དང་ཀྲུང་གོའི་ཁྲོམ་རར་སྔར་བཞིན་མི་མངོན་པའི་སྟོབས་ཤུགས་ཆེན་པོ་སྔོག་འདོན་བྱ་རྒྱུ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།