འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཚོ་ནུབ་ཀྱིས་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཀྲོའུ་ཡིས“མཚོ་ནུབ་ཀྲོའུ་ཡི་2016ལོའི་རྣམ་གྲངས་ཁག་དང་པོ་གཅིག་སྡུད་ལས་འགོ་བསྐྱར་ཚུགས་བྱེད་སྒོ”སྤེལ་རིང་། དུར་ལམ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་1.2བཏང་སྟེ་ས་གནས་དེ་གའི་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་གཏོང་བཞིན་ཡོད། ལས་རིགས་དེའི་མི་སྣས་ཚ་འདམ་གྱི་འདྲེ་ཚེར་མར་སླར་ཡང་ཐོན་འབབ་ཡོང་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། མཚོ་ནུབ་ཀྲོའུ་དུར་ལམ་རྫོང་དུ་འདྲེ་ཚེར་མ་མུའུ་ཁྲི་17.2བཏབ་ཡོད་པ་དང་འདྲེ་ཚེར་མའི་ལས་རིགས་ནང་ཞུགས་མཁན་མི་གྲངས་ཁྲི་7ལྷག་ཙམ་ཟིན་གྱི་ཡོད། དུར་ལམ་རྫོང་ནགས་ལས་ཅུས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཝུའུ་ཡུང་ཁྲུན་གྱིས་དུར་ལམ་རྫོང་དུ་འོད་ཤུགས་ཆེ་བ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བའི་ས་ཁམས་དང་གནམ་གཤིས་ཀྱི་ཆ་རྐྱེན་འོག་གནས་དེའི་འདྲེ་ཚེར་མར་འཚོ་བཅུད་མང་བ་དང་། མདོག་ཡག་པ། འབྲས་བུ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་དང་། མ་འོངས་ལོ་3ནས་ལོ་5བར་འདྲེ་ཚེར་མའི་ཉོ་ཚོང་ཁྲོམ་ར་འཛུགས་རྒྱུ་དང་སྦྲགས་དུར་ལམ་རྫོང་དུའང་འདེབས་འཛུགས་དང་། ལས་སྣོན། བྲིན་ཚོང། སྐྱེལ་འདྲེན་སོགས་གཞི་གཅིག་ཏུ་འདུས་པའི་འདྲེ་ཚེར་མའི་ཐོན་སྐྱེད་ཁུལ་འཛུགས་ཐུབ་རེ་ཡོད་ཅེས་བརྗོད་བྱུང་།
         དུར་ལམ་རྫོང་ཁོངས་སུ་འདྲེ་ཚེར་མ་དང་འབྲེལ་བ་ཡོད་པའི་ཁེ་ལས་ཆེ་ཆུང་བརྒྱ་ཙམ་ཡོད་པའི་ནང་ཁག་གཅིག་གིས་འདེབས་འཛུགས་བྱེད་པ་དང་ཁག་གཅིག་གིས་བྲིན་ཚོང་བྱེད་ཀྱི་ཡོད། འཆར་གཞི་དང་ཚན་རིག་དང་མི་མཐུན་པའི་ཐོན་སྐྱེད་དང་ལས་སྣོན་བྲིན་ཚོང་བྱས་པ་དེས་ཁེ་ལས་དེ་དག་འཕེལ་རྒྱས་འགྲོ་རྒྱུར་བཀག་འགོག་བཟོས་ཡོད། “རྣམ་གྲངས་ཁག་དང་པོ་ལས་འགོ་བསྐྱར་ཚུགས་བྱེད་པའི་ནང་ང་ཚོའི་ཁེ་ལས་ཀྱི་རྣམ་གྲངས་ཡོད་པ་དང་། རྣམ་གྲངས་འཛུགས་སྐྲུན་བྱས་རྗེས་ང་ཚོའི་ཁེ་ལས་ཀྱི་ངོས་ནས་བརྗོད་ན། མ་བཅོས་རྒྱུ་ཆ་བེད་སྤྱོད་གང་ལེགས་ཐུབ་པ་མ་ཟད། ད་དུང་རིམ་པ་མཐོ་བ་དང་། འབྲིང་བ། དེ་བཞིན་སྤྱི་དམངས་རང་བཞིན་གྱི་ཐོན་རྫས་ཐོན་སྐྱེད་ཐུབ་ནས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ”ཅེས་མཚོ་སྔོན་ཏ་མོ་ཧུང་འདྲེ་ཚེར་མ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ཕིང་གིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།