འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལ་གྲུབ་འབྲས་ཐོབ་རྒྱུའི་རེ་སྒུག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་07ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་བདེ་སྡུག་མཉམ་མྱོང་ཡིན་པ།
         ཆུ་འགོ་དེ་མཚོ་བོད་ས་མཐོ་ཡིན་པ་དང་ཀྲུང་ཧྭའི་དབུས་ལྷོ་ས་ཁུལ་གྱི་ཕྱེད་གླིང་བརྒྱུད་དེ་ཞི་བདེ་རྒྱ་མཚོར་རྒྱུག་པའི་རྫ་ཆུ་དང་མེ་ཀུང་གཙང་པོ་དེ་ཉིད་རང་བྱུང་སྒྲོག་ཐག་ཅིག་ཡིན་པའི་ངོས་ནས་ཀྲུང་གོ་དང་། འབར་མ། ལོ་སི། ཐེ་ལན། ཁམ་ཕུ་ཁྲེ། ཝེ་ཐེ་ནམ་བཅས་རྒྱལ་ཁབ་དྲུག་དམ་པོར་སྦྲེལ་ཡོད། དར་རྒྱས་གོང་འཕེལ་འགྲོ་བའི་ཐུན་མོང་གི་བསམ་འདུན་འོག་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་དེ་2015ལོའི་ཟླ་11པར་བཏོད་ཡོད། ཟླ་འདིའི་ཚེས་23ཉིན་རྒྱལ་ཁབ་དྲུག་པོའི་འགོ་ཁྲིད་མི་སྣ་ཧའེ་ནན་སན་ཡ་རུ་ཐེངས་དང་པོར་འཛོམས་ནས་མཉམ་ལས་ཀྱི་འཆར་གཞི་ཐུན་མོང་ཐོག་འགོད་རྒྱུ་རེད།
         མེ་ཀུང་གཙང་པོ་རྒྱུག་ཁུལ་རྒྱལ་ཁབ་མངའ་ཁུལ་གྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ལམ་སྲོལ་གསར་རྐྱང་དེས“བབ་དང་བསྟུན་ནས་ལས་དོན་སྒྲུབ་པའི”མཉམ་ལས་འཆར་འགོད་བཟོས་པ་བརྒྱུད་དེ་རྒྱལ་ཁབ་ཁག་གི་དམངས་བྱིངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་རྒྱུ་དང་ཕྱོགས་མཚུངས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་ཀྱི་མཉམ་ལས་ཐད་ཕན་ཡོད་ཀྱི་ཁ་གསབ་བྱུང་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་ཀྱི་ཐུན་མོང་འདུས་གྲུབ་གཏོད་རྒྱུར་རྒྱབ་སྐྱོར་བྱེད་པའི་ཐད་རམ་འདེགས་ཤུགས་ཆེན་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
         རི་ཀླུང་དང་རིག་གནས་གཅིག་ཏུ་སྦྲེལ། ཀྲུང་གོ་དང་མེ་ཀུང་གཙང་པོའི་བརྒྱུད་ཀྱི་རྒྱལ་ཁབ་ལྔ་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་ལ་སྐུལ་མ་བཏང་ནས་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱས་ཏེ་ཀྲུང་གོས་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་སྣེ་ཁྲིད་དེ་ཡངས་ཤིང་རྒྱ་ཆེ་བའི་མཉམ་ལས་ཀྱི་མདུན་ལྗོངས་ལ་རྒྱང་ལྟ་བྱ་རྒྱུ་ཡིན། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་འཛུགས་རྒྱུ་དེ་ནི་ཙུང་ལི་ལི་ཁེ་ཆང་གིས་2014ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་17པའི་ཐོག་བཏོན་གནང་བའི་གྲོས་གཞི་གལ་ཆེན་ཞིག་ཡིན་པས་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱིས་དང་ལེན་ཧུར་ཐག་ཞུས་ཡོད་པ་རེད།
         རྫ་ཆུ་དང་མེ་ཀུང་གཙང་པོའི་ལམ་སྲོལ་མ་ལུས་ཀུན་ཏུ་འདུས་པ།
         ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་ས་ཁུལ་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་ཆེད་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱིས་རྒྱལ་ཁབ་དྲུག་པོར་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རོགས་བྱ་རྒྱུ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་ཀྱི་ཐུན་མོང་འདུས་གྲུབ་གཏོད་རྒྱུར་སྐུལ་གཏོང་དང་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་སྤེལ་བཏང་སྟེ་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱིས་གཉིས་ཁེ་གཉིས་ཕན་དང་མཉམ་ལས་གཉིས་ཕན་གྱི་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཙོ་གནད་ཐོག་གཏོད་རྒྱུ་རེད། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལ་སྐུལ་མ་གཏོང་རྒྱུ་ནི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་གྲོས་འགོ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ལ་ས་ཁོངས་ཕལ་པའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་མ་གཏོང་བའི་ཀྲུང་གོའི་ཇུས་གཞི་ཞིག་ཀྱང་རེད།
         རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་གཙོ་གནད་ནི་དངོས་སྒྲུབ་ཡིན་པ།
         “གཙང་ཆུ་མཉམ་དུ་འཐུང་། ལས་དབང་གཅིག་ཏུ་སྦྲེལ”རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་དང་པོས་དེ་ཉིད་བརྗོད་གཞིར་བྱས་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་འཛུགས་སྐྱོང་གི་འཕེལ་རིམ་ཕྱིར་དྲན་དང་མཉམ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་རྒྱང་ལྟ་བྱས་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་དང་། མཉམ་ལས་དངོས་སྒྲུབ། སྒོ་དབྱེ་ཁོག་ཡངས་བཅས་ས་ཁོངས་ཕལ་པའི་མཉམ་ལས་ཀྱི་ལས་སྟེགས་གསར་པར་བརྩིས་ཏེ་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱིས་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་གསར་པ་གཏོད་རྒྱུར་གཞོལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།