འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་
    ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁྲི་ཡག་པོ་འཁུར་རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་07ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཟླ་འདིར་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་རྒྱུ་ཡིན་པས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་ཁག་དང་མཉམ་དུ་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་དེ་བས་ནུས་ཆེ་དང་དམ་པ་དོན་གཉེར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཧུང་ལེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་འཆམ་བྱུང་བའི་ཟླ་འདིའི་ལས་ཀའི་འཆར་གཞི་གཞིར་བཟུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚོགས་འདུ་ཁག་30ལྷག་ཙམ་འཚོགས་ནས་སི་རི་ཡ་དང་། ཡེ་མེན། ཕ་ཁི་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་དང་དེ་བཞིན་ལྷོ་སུའུ་ཏན་དང་སོ་མ་ལི་སོགས་ཨ་ཧྥེ་རི་ཁའི་གླེང་མང་བའི་གནད་དོན་ལ་གྲོས་ཞིབ་བྱ་རྒྱུ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་དུང་ཟླ་འདིར་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུ་ཁག་གསུམ་འཚོགས་ནས་ཕ་ཁི་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་དང་། འཇིགས་རྒོལ་གྱི་གནད་དོན། ཀི་ནེ་ཡ་མཚོ་ཁུག་གི་མཚོ་ཇག་གི་གནད་དོན་བཅས་ལ་གྲོས་ཞིབ་བྱ་རྒྱུ་རེད། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་ཕྱོགས་དེ་དཀའ་གནས་ལས་གྲོལ་རྒྱུར་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་བཀག་སྡོམ་བྱེད་པ། མཚོ་ཇག་གནད་དོན་གྱི་འགྲན་སློང་ལ་ཁ་གཏད་འོས་འཚམ་གཅོག་པ་བཅས་བྱ་རྒྱུ་དེ་རེད་ཅེས་གསུངས་པ་རེད།
         ཧུང་ལེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་མཉམ་སྡེབ་བདེ་འཇགས་ལམ་སྲོལ་བརྒྱུད་དམག་མཚམས་འཇོག་ནས་ཞི་བདེ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འགག་རྩའི་ནུས་པ་ཐོན་རྒྱུར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་ཏེ་ཞི་བའི་ཐོག་ནས་རྩོད་གཞི་ཐག་གཅོད་དང་བཙན་ཤེད་རང་བཞིན་གྱི་བྱ་སྤྱོད་མཉམ་སྤྱོད་ཀྱིས་འཁྲུག་རྩོད་ཞི་བར་འགྱུར་བ་བྱ་རྒྱུ་ཡིན། ཟླ་འདིར་ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁྲི་འཁུར་རྒྱུ་ཡིན་པས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་ཁག་དང་མཉམ་དུ་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་དེ་བས་ནུས་ཆེ་དང་དམ་པ་དོན་གཉེར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ད་དུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་མིན་པ་དང་དོ་བདག་རྒྱལ་ཁབ་སོགས་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་དེ་བས་ཀུན་གསལ་སྒོ་དབྱེ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།