འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་དུ་རང་ལྕེབ་ཀྱི་ངོ་བོ་ལྡན་པའི་འཇབ་རྒོལ་ཐེབས་ནས་མི་6ཤི་བ་དང་མི་26རྨས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་5ཉིན་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ཤར་རྒྱུད་ཀྱི་ཕར་ཝན་ཞིང་ཆེན་དུ་རང་ལྕེབ་ཀྱི་ངོ་བོ་ལྡན་པའི་འབར་མདེལ་གྱིས་འཇབ་རྒོལ་ཐེབས་ནས་ཉུང་མཐའ་ཡང་མི་སེར་6རྐྱེན་ལམ་དུ་ཤོར་བ་དང་མི་26ལ་རྨས་སྐྱོན་ཐེབས་པ་རེད། 
         ཕར་ཝན་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཝ་ཞིས་ཏེ•ཞིས་ཏེ་ཅི་ཡིས་བཤད་པ་ལྟར་ན། ས་གནས་དེ་གའི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30(པེ་ཅིང་གི་ཆུ་ཚོད་13)སྟེང་དུ་འཇབ་རྒོལ་བྱེད་མཁན་གྱིས་ཕར་ཝན་ཞིང་ཆེན་ཁོངས་སུ་ཡོད་པའི་ཆ་ལི་ཁར་ས་ཁུལ་གྱི་སྨན་ཁང་ཞིག་གི་ཉེ་འགྲམ་དུ་འབར་མདེལ་སྦར་ནས་མི་མང་པོ་ཤི་རྨས་བཟོས་པ་དང་ཤི་རྨས་བྱུང་མཁན་ཚོའི་ཁྲོད་དུ་བུད་མེད་དང་བྱིས་པ་ཡང་ཡོད་པ་རེད།
         མིག་སྔའི་བར་དུ་ཐེངས་འདི་འཇབ་རྒོལ་བྱེད་མཁན་ཡིན་ཞེས་བཤད་མཁན་རྩ་འཛུགས་སམ་མི་སྒེར་བྱུང་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།