འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཐིང་རིམ་པའི་བུད་མེད་ལས་བྱེད་པ་རའོ་ཆུང་ལ་སྒྲིག་ཁྲིམས་དང་ཚབས་
    ཆེན་འགལ་བའི་དོགས་པ་ཡོད་པས་ཞིབ་བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སྤེལ་བའི་ཆ་འཕྲིན་ལ་གཞིགས་ན། བོད་ལྗོངས་གཏེར་ལས་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་རའོ་ཆུང་(饶琼)ལ་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་དོགས་པ་ཡོད་པས། མིག་སྔར་རྩ་འཛུགས་ཀྱིས་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་པ་རེད།
         རའོ་ཆུང་གི་ལོ་རྒྱུས་མདོར་བསྡུས།
         རའོ་ཆུང་། སྐྱེས་མ། རྒྱ་རིགས། ཁྲུན་ཆིང་གྲོང་ཁྱེར་ཧོ་ཁྲོན་ཆུས་ནས་ཡིན་ཞིང་། 1962ལོའི་ཟླ་11པར་སྐྱེས་པ་དང་། 1991ལོའི་ཟླ་8པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1979ལོའི་ཟླ་5པར་ལས་ཀར་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད།
         1979ལོའི་ཟླ་5པ་ནས་1987ལོའི་ཟླ་8པའི་བར་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་ལས་གཞི་ཅུས་སུ་ལས་ཀ་བྱས།
         1987ལོའི་ཟླ་8པ་ནས་1991ལོའི་ཟླ་9པའི་བར་བོད་ལྗོངས་གསར་སྤེལ་བྱ་གཞག་ཅུས་ཀྱི་གཏེར་ལས་གསར་སྤེལ་ཀུང་སིའི་ཕྱིར་འཚོང་ཁོའོ་ཡི་ཁོའོ་ཀྲང་གི་འགན་ཁུར།
         1991ལོའི་ཟླ་9པ་ནས་2015ལོའི་ཟླ་1པོའི་བར་སྔ་རྟིང་དུ་བོད་ལྗོངས་གཏེར་ལས་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་པ་གཞོན་པ་དང་། རྒྱུན་ལས་སྤྱི་ཁྱབ་སྤྱི་གཉེར་པ་གཞོན་པ། ཤིན་ཏིང་གསོལ་མགྲོན་ཁང་ཆེན་གྱི་སྤྱི་ཁྱབ་སྤྱི་གཉེར་པ། བོད་ལྗོངས་ཡུན་ཞིན་ལས་གཞི་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་དང་སྤྱི་ཁྱབ་སྤྱི་གཉེར་པ་བཅས་ཀྱི་འགན་ཁུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།