འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།"བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བ"ཞེས་པའི་གསར་འགྱུར་ཇ་སྟོན་
    ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    གདན་ཞུའི་སྐུ་མགྲོན་རྣམ་གཉིས་དང་མདོ་འཛིན་པ།
    གདན་ཞུའི་སྐུ་མགྲོན་རྣམ་གཉིས་དང་མདོ་འཛིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་5ཉིན་གྱི་ཕྱི་དྲོར་ཀྲུང་ཧྭའི་རྒྱལ་ཡོངས་གསར་འགྱུར་ལས་ཀ་བྱེད་མཁན་མཐུན་ཚོགས་ཀྱིས་བརྗོད་བྱ་གཙོ་བོ"བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བ"ཞེས་པའི་གསར་འགྱུར་ཇ་སྟོན་ཚོགས་འདུ་པེ་ཅིང་གྲོང་ཁྱེར་དུ་འཚོགས་པ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེང་རབས་ཞིབ་འཇུག་ཁང་གི་འགོ་འཛིན་ལེན་ཞང་མིང་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་སྐལ་བཟང་སྒྲོལ་མ་གཉིས་གསུང་བཤད་གནང་མཁན་གཙོ་བོ་ཡིན་པའི་སྐུ་མགྲོན་དུ་གདན་ཞུས་ནས་ཇ་སྟོན་ཚོགས་འདུར་ཕེབས་པའི་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་ཚོ་དང་སྤེལ་རེས་ཟབ་མོ་བྱས་པ་རེད།
         ལེན་ཞང་མིང་གིས་བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་དཔལ་འབྱོར་དང་སྤྱི་ཚོགས་ཐོག་འཕེལ་རྒྱས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་ངོ་སྤྲོད་བྱས་པ་དང་། སྐལ་བཟང་སྒྲོལ་མས་ཇ་སྟོན་ཚོགས་འདུའི་ཐོག་སློབ་གསོའི་ཐད་མིག་སྔར་བོད་ལྗོངས་ཀྱི་མི་རེར་སློབ་གསོ་ཐོབ་པའི་དུས་ཚོད་ཆ་སྙོམས་སུ་ལོ་8.8ཟིན་པས། བོད་ལྗོངས་ཀྱི་ཡིག་རྨོངས་ཀྱི་ཚད་1%གི་མན་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཕྱི་རྒྱལ་གྱི་གསར་འགོད་པས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པའི་ཁ་བྲལ་བྱ་སྤྱོད་ལ་སེམས་ཁྲལ་དང་དོགས་པ་བྱེད་ཀྱི་ཡོད་པར་ལེན་ཞང་མིང་གིས་མིག་སྔར་མི་ཉིན་རེ་ལས་ཉིན་རེར་མང་བས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཀྲུང་གོ་ཁ་བྲལ་དུ་གཏོང་བའི་རེ་ངན་འཆང་མཁན་ཆེ་ག་མོ་ཚོའི་ལག་ཆ་ཙམ་དུ་གྱུར་ཡོད་པ་གསལ་པོར་ཤེས་ཀྱི་ཡོད་ཅེས་བསྟན་པ་རེད།
    ཇ་སྟོན་ཚོགས་འདུའི་ཡུལ་དངོས།
    ཇ་སྟོན་ཚོགས་འདུའི་ཡུལ་དངོས།
    ལེན་ཞང་མིང་།
    ལེན་ཞང་མིང་།
    སྐལ་བཟང་སྒྲོལ་མ།
    སྐལ་བཟང་སྒྲོལ་མ།
    གསར་འགོད་པས་དྲི་བ་འདོན་པ།
    གསར་འགོད་པས་དྲི་བ་འདོན་པ།
    ཇ་སྟོན་ཚོགས་འདུའི་ཡུལ་དངོས།
    ཇ་སྟོན་ཚོགས་འདུའི་ཡུལ་དངོས།
      

    ཕྱོགས་བསྡུས་གསར་འགྱུར།