འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གྲངས་འཛིན་རིག་གནས་ཁང་འཛུགས་སྐྲུན་རྣམ་གྲངས་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད་ཉིན་ཤས་གོང་བོད་ཀྱིས་གྲངས་འཛིན་རིག་གནས་ཁང་འཛུགས་སྐྲུན་རྣམ་གྲངས་དངོས་སུ་སྤེལ་འགོ་བཙུགས་ཤིང་། རྣམ་གྲངས་དེ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ནི་གྲངས་འཛིན་མཉེན་ཆས་ལས་སྟེགས་དང་འགྲེམས་ཁང་ནང་གི་མྱོང་རོལ་སོགས་བརྒྱུད་སྤྱི་པའི་རིག་གནས་ཞབས་ཞུའི“ཤར་བགྲོད”བཏོད་ནས་སྤུས་ལེགས་ཀྱི་བོད་ཀྱི་རིག་གནས་ཐོན་ཁུངས་ཀྱི་སྤེལ་རེས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད།
         རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཡིན་པའི་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ཀོན་ཀྲང་མིག་དམར་གྱིས་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་བ་དང་། སང་ལོ་སྐྲུན་མཇུག་འགྲིལ་ནས་སྒོ་མོ་འབྱེད་ཐུབ་རེ་ཡོད་པ། ནང་དོན་གཙོ་བོའི་གྲས་སུ་དྲ་ཐོག་གི་གྲངས་འཛིན་མཉེན་ཆས་ལས་སྟེགས་དང་། འགྲེམས་ཁང་ནང་གི་སྤེལ་རེས་མྱོང་རོལ་ཁང་། དེ་བཞིན་ས་གནས་ཁྱད་ལྡན་ཐོན་ཁུངས་མཛོད་སོགས་ཚུད་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།