འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འོད་ཤུགས་འཕྲུལ་འཁོར་ནས་གློག་འདོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་བར་རང་རྒྱལ་གྱིས་རིམ་རྩིས་བྱས་ན་འོད་ཤུགས་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་4318ཟིན་ནས་འཇར་མན་ལས་བརྒལ་ཏེ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། དེ་ནི་རང་རྒྱལ་འདི་ཉིད་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཁྲོད་རླུང་གློག་འཕྲུལ་འཁོར་ནས་གློག་འདོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་རྗེས་ཀྱི་མཆོང་སྐྱོད་གཞན་ཞིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”གོང་ཀྲུང་གོའི་འོད་ཤུགས་གློག་ཁང་འཕེལ་རྒྱས་འགྲོ་འགོར་བ་དང་ལོ་ལྟར་གསར་སྣོན་བྱས་པའི་འོད་ཤུགས་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱི་གཞི་ཁྱོན་དེ་རླུང་གློག་དང་མེ་གློག་ཐད་གསར་སྣོན་བྱས་པའི་འཕྲུལ་འཁོར་གྱི་གློག་འདོན་ཚད་གཞི་ཁྱོན་གྱི་ཟུར་ཙམ་ཡང་ལོན་གྱི་མེད། ཀྲུང་གོ་འོད་ཤུགས་ལས་རིགས་མཐུན་ཚོགས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། 2011ལོར་སླེབས་སྐབས་རང་རྒྱལ་གྱི་འོད་ཤུགས་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་350ལས་ཟིན་གྱི་མེད་པ་རེད།
         “ལོ་ལྔ་ཚན་བཅུ་གཉིས་པར”སླེབས་རྗེས་རང་རྒྱལ་གྱི་འོད་ཤུགས་གློག་ཁང་འཛུགས་སྐྲུན་དེ་མྱུར་བགྲོད་ལམ་བུའི་ཐོག་སླེབས་ནས་ལོ་རེར་ཧ་ལམ་ལྡབ་འཕར་གྱི་མྱུར་ཚད་ཐོག་ནས་འཕར་གྱི་ཡོད་པ་དེའི་ནང་གོང་གི་ལོ་གཉིས་པོར་འཕར་ཚད་ཐ་ན་150%ཙམ་ཟིན་གྱི་ཡོད། 2015ལོར་ཀྲུང་གོའི་གསར་སྣོན་བྱས་པའི་འོད་ཤུགས་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1500ཙམ་ཟིན་པ་དེ་དུས་མཚུངས་ལས་41.5%འཕར་ནས་གོ་ལ་ཧྲིལ་པོའི་གསར་སྣོན་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱི་28.3%བཟུང་ནས་ལོ་གསུམ་བསྟུད་མར་གོ་ལ་ཧྲིལ་པོའི་གསར་སྣོན་བྱས་པའི་འོད་ཤུགས་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱི་ཨང་དང་པོ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།