འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རྩལ་པུས་ཕྱོགས་གསུམ་ཐད་ནས་རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་ཁུལ་སྐྲུན་མགྱོགས་
    སུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་དབྱིང་ཧོ་ཅུན་གྱིས་ཚན་རྩལ་པུའུ་ཡིས་ཕྱོགས་གསུམ་ཐད་ནས་རྒྱལ་ཁབ་རང་བརྟེན་གསར་གཏོད་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། གསར་གཏོད་ལས་གཏོད་ཀྱི་སྣོད་བཅུད་འཛུགས་རྒྱུ་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་མགྱོགས་ཙམ་འགྲོ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནས་འབྲིང་སྟོད་ཀྱི་ཆུ་ཚད་བར་སླེབས་པ་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
         དབྱིང་ཧོ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2009ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་ཁུལ་དང་པོ་སྟེ་ཀྲུང་ཀོན་ཚུན་རྒྱལ་ཁབ་རང་བརྟེན་གསར་གཏོད་ཁུལ་འཛུགས་སྐྲུན་བྱ་རྒྱུར་ཆོག་མཆན་གནང་བ་དང་། མིག་སྔའི་བར་རང་བརྟེན་གསར་གཏོད་ཁུལ་14ཡོད། ས་ཁོངས་དཔལ་འབྱོར་དང་དེ་བཞིན་ཐོན་ལས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཉིན་བཞིན་ཆེ་རུ་འགྲོ་གི་ཡོད་པའི་རྒྱལ་ཁབ་རང་བརྟེན་གསར་གཏོད་ཁུལ་དེ་གསར་གཏོད་འཕེལ་རྒྱས་དང་ཕྱོགས་སྒྱུར་རིམ་སྤོར་གྱི་སྒུལ་བྱེད་གཙོ་བོར་གྱུར་པ་ལག་ལེན་ཐོག་ནས་ར་སྤྲོད་ཐུབ་ཡོད། རྒྱུན་རྣམ་གསར་པའི་འོག་རྒྱལ་ཁབ་རང་བརྟེན་གསར་གཏོད་ཁུལ་གྱིས་སྔར་བཞིན་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་དང་། སྤྱི་དམངས་ཀྱི་གསར་གཏོད་ལས་གཏོད་ལ་སྐུལ་མ་གཏིང་ཟབ་ཐེབས་པ། འཕེལ་རྒྱས་སྒུལ་ཤུགས་མགྱོགས་མྱུར་བསྒྱུར་བ། ཐོན་ལས་གསར་པ་དང་ལས་རིགས་གསར་པ་རྒྱུན་མཐུད་ཐོན་པ། ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། གྲུབ་འབྲས་གཞན་སྒྱུར་གྱི་ཕན་འབྲས་མངོན་གསལ་དོད་དུ་སོང་བ་བཅས་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཚན་རྩལ་པུའུ་ཡིས་ཕྱོགས་གསུམ་ཐད་ནས་རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནས་གསར་གཏོད་འཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་གསལ་དོད་དུ་བཏང་སྟེ། “ཤར་སྒྱུར་ནུབ་འདྲེན”དང་དཔེ་སྟོན་དང་ཁྱབ་འགྱེད་ལ་ཁྲིད་སྟོན་བྱེད་པ་དང་། རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་ཁུལ་ཁག་གཅིག་མུ་མཐུད་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ས་ཁོངས་འཐབ་ཇུས་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་རྒྱུ་དང་། གཉིས་ནས་རྒྱལ་ཁབ་རིམ་ངོས་སུ་སྲིད་ཇུས་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚན་རྩལ་གསར་གཏོད་ལས་གཏོད་ལ་ཚོད་འཛིན་ཕོག་པ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་དུ་སྒྱུར་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་མེད་པ་བཟོས་ཏེ། གསར་གཏོད་ལ་སྐུལ་མ་གཏོང་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་གསར་པ་སྔོན་དུ་ཆགས་པ་བྱ་རྒྱུ། གསུམ་ནས་རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་ཁུལ་མཐའ་དག་གིས་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།