འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།“རི་འཛེག་དུས་ཚིགས”སླེབས་ཉེར་ཡོད་པས་ཟླ་བཞི་པ་ནས་བཟུང་ཇོ་རིའི་མཛེས་ལྗོངས་ཁུལ་དུ་
    ཡུལ་སྐོར་བྱེད་མང་བའི་རིན་གོང་ལག་བསྟར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གནམ་གཤིས་དྲོ་རུ་འགྲོ་བ་དང་བསྟུན་ནས་ཇོ་རིའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་རིམ་བཞིན་མང་དུ་འགྲོ་བ་དང་ཇོ་རིའི་དཔྱིད་དུས་རི་འཛེག་བྱེད་སྒོ་སྤེལ་གྲབས་ཡོད་པ་རེད། ཟླ་4ཚེས་1ཉིན་ནས་བཟུང་ཇོ་རིའི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ཡུལ་སྐོར་བྱེད་མང་བའི་དུས་ཀྱི་སྒོར་180བར་སླར་གསོ་བྱ་རྒྱུ་རེད།
         འཛམ་གླིང་གི་རི་བོ་མཐོ་ཤོས་ཡིན་པའི་ཇོ་རི་འཛེག་པའི་དུས་ཚོད་ཡག་ཤོས་ནི་ལོ་ལྟར་གྱི་ཟླ་4པ་ནས་5པ་བར་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་པ་བརྒྱ་ལྷག་ཙམ་གྱིས་ཇོ་རིའི་རྩེ་མོར་འཛེག་གང་ཐུབ་བྱེད་ཀྱི་ཡོད། གཞན་ཡང་ལོ་ལྟར་ཡུལ་སྐོར་བ་མང་དག་གཅིག་གིས་ཇོ་རིའི་སྒར་ས་ཆེ་མོར་ལྟ་སྐོར་དུ་བསྐྱོད་ཀྱི་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཇོ་རིའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཡོད། ཇོ་རིའི་ཁོངས་གཏོགས་རྫོང་ཡིན་པའི་དིང་རི་རྫོང་གྲོང་ནས་སྒར་ས་ཆེ་མོའི་བར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་མ་ཟད། དེ་གར་གློག་ཡང་འཁྲིད་ཡོད། ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བསྐྲུན་ཟིན་རྗེས་ཡུལ་སྐོར་བར་རོགས་སྐྱོབ་དང་ཞག་སྡོད་ཀྱི་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད་པ་རེད།
         རི་འཛེག་སྡེ་ཚན་དང་ཡུལ་སྐོར་སྡེ་ཚན་གྱིས་དྲན་སྐུལ་བྱས་པར་གཞིགས་ན། ཇོ་རིའི་སྒར་ས་ཆེ་མོར་ལོ་འཁོར་མོར་ཡུལ་སྐོར་བྱེད་ཆོག་གི་ཡོད། སྒར་ས་ཆེ་མོ་དང་ཐག་ཉེ་སར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རོང་ཕུ་དགོན་གནས་ཡོད། ཇོ་རིར་ཡུལ་སྐོར་དུ་བསྐྱོད་པར་མཐའ་མཚམས་སྒྲོལ་ཆོག་པའི་དོ་དམ་ལག་ཁྱེར་གཉེར་དགོས། མཛེས་ལྗོངས་ཁུལ་གྱི་ཉིན་མཚན་དབར་གྱི་དྲོད་ཚད་ཧེ་བག་ཆེ་བས་ཡུལ་སྐོར་བས་གྲང་འགོག་ལ་དོ་སྣང་བྱེད་དགོས། ཇོ་རིར་འགྲོ་མཁན་ཡུལ་སྐོར་བས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་ཇོ་རིའི་དྭངས་གཙང་ལྷད་མེད་ཀྱི་ཁུར་ཡུག་སྲུང་སྐྱོང་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།