འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེད་ལས་ཀྱི་ནད་གཞི་བརྟག་དཔྱད་དང་སྨན་བཅོས་བྱས་ཏེ་ས་མཐོའི་སེམས་སྦུག་དོག་ནད་ཕོག་
    པའི་བྱིས་པའི་སེམས་བག་ཡང་དུ་གཏོང་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་2ཉིན་ནི་འཛམ་གླིང་གི་སེམས་སྦུག་དོག་ནད་ཉིན་མོ་རེད། ལོ་0ནས་6བར་ནི་སེམས་སྦུག་དོག་ནད་ཕོག་པའི་བྱིས་པར་སྨན་བཅོས་བྱེད་པའི་དུས་ཚོད་ཡག་ཤོས་རེད། གལ་སྲིད་སྔ་ཙམ་བརྟག་དཔྱད་དང་སྔ་ཙམ་སྨན་བཅོས་བྱས་ཚེ་སེམས་སྦུག་དོགས་ནད་ཕོག་པའི་བྱིས་པར་དྲག་སྐྱེད་ཡག་པོ་ཡོང་ཐུབ།
         རང་རྒྱལ་གྱི་ཐག་རིང་ལུང་ཁུག་ཏུ་གནས་པའི་མཚོ་བོད་ས་མཐོའི་ས་ཁུལ་ཁག་ཅིག་ཏུ་སེམས་སྦུག་དོག་ནད་ཕོག་པའི་བྱིས་པར་སྔ་ཙམ་བརྟག་དཔྱད་དང་སྨན་བཅོས་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་པས་རིགས་གཅིག་མཁས་ཅན་འགའ་ཞིག་གིས་ཕྱོགས་མང་པོའི་ཐུན་མོང་གི་འབད་བརྩོན་འོག་སེམས་སྦུག་དོག་ནད་ཕོག་པའི་བྱིས་པར་སྨན་བཅོས་བྱེད་པའི་དུས་ཚོད་ཡག་ཤོས་དམ་འཛིན་བྱེད་རྒྱུའི་འབོད་སྐུལ་བྱས་པ་རེད།
         མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པའི་སྨན་བཅོས་ཁུལ་གསུམ་པའི་ཀྲུའུ་རེན་ཨ་ཧེ་ཧོང་གིས་རང་རྒྱལ་གྱི་སེམས་སྦུག་དོག་ནད་ཕོག་པའི་བྱིས་པའི་དྲག་སྐྱེད་ལས་དོན་ལ་ལོ་བཅུ་གྲངས་འབད་བརྩོན་བྱས་པ་བརྒྱུད་ཕན་འབྲས་རགས་ཙམ་ཐོན་རུང་ཐང་གཤོངས་དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་མཚོ་སྔོན་ཞིང་ཆེན་གྱི་སེམས་སྦུག་དོག་ནད་ཕོག་པའི་བྱིས་པའི་སྔོན་ཚུད་བརྟག་དཔྱད་དང་སྔོན་ཚུད་སྨན་བཅོས་ཀྱི་ལས་དོན་དེ་ཧེ་བག་ཆེ་ཙམ་ཡོད། མཚོན་ཚུལ་གཙོ་བོ་གཉིས་ཡོད་པ་སྟེ། གཅིག་ནི་ཁྱིམ་བདག་གིས་ནད་རྟགས་དུས་ཐོག་ཏུ་ཤེས་ཀྱི་མེད་པ་དང་། གཅིག་ཤོས་ནི་ཆེད་ལས་བརྟག་དཔྱད་སྨན་བཅོས་ཀྱི་སྟོབས་ཤུགས་ཞན་པས་རེད་ཅེས་བཤད།
         མཚོ་སྔོན་ཞིང་ཆེན་ཧུའེ་ལིང་ཤེས་སྒྲིབ་མི་སྣའི་སྡེ་ཁུལ་ལས་དོན་ས་ཚིགས་ཀྱི་འགན་འཁུར་བ་ཀོ་ཀོང་ཆེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་ཉེ་བའི་ལོ་ཤས་རིང་ལས་དོན་ས་ཚིགས་ཀྱིས་བསྡུས་པའི་སེམས་སྦུག་དོག་ནད་ཕོག་མཁན་གྱི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད། སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་ཡོད་རུང་ལས་དོན་ས་ཚིགས་ལ་མ་དངུལ་ཁ་ཐང་བ་དང་། དགེ་རྒན་ཉུང་བ། གསོ་སྦྱོང་མཛུབ་ཁྲིད་མ་འདང་བ་སོགས་འགལ་ཟླ་སྔར་བཞིན་མངོན་གསལ་དོད་པས་དྲག་སྐྱེད་སྒྲིག་གཞི་མང་པོའི་རོགས་སྐྱོར་ཐོབ་པའི་སེམས་སྦུག་དོག་ནད་ཡོད་མཁན་ཚོར་སེམས་ཤུགས་ཡོད་རུང་ནུས་ཤུགས་ཆེན་པོ་མེད་ཅེས་བཤད།
         རིགས་གཅིག་མཁས་ཅན་གྱིས་སྲིད་གཞུང་དང་། སྤྱི་ཚོགས། སློབ་གསོ་སོགས་སྒྲིག་གཞིས་ས་མཐོའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་སེམས་སྦུག་དོག་ནད་ཡོད་མཁན་ལ་དོ་ཁུར་མང་ཙམ་བྱ་རྒྱུ་དང་། ཕྱོགས་ཁག་གི་མ་དངུལ་བསྡུ་སྒྲིལ་བྱས་ཏེ་སེམས་སྦུག་དོག་ནད་བརྟག་དཔྱད་དང་། འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས། ཆེད་ལས་སྟོབས་ཤུགས་གསོ་སྦྱོང་སོགས་ཀྱི་ལས་དོན་སྤེལ་ནས་ཁྱིམ་བདག་ལ་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་དྲག་སྐྱེད་ཡོང་རྒྱུའི་ཁྲིད་སྟོན་བྱས་ནས་སེམས་སྦུག་དོག་ནད་ཕོག་པའི་བྱིས་པ་མང་པོའི་སེམས་བག་ཡང་དུ་གཏོང་རྒྱུའི་འབོད་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།