འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་སྲོག་ཆགས་ཀྱི་ནད་ཡམས་བརྟག་ཞིབ་གློག་རྡུལ་བདེན་དཔང་མ་ལག་ཞིང་ལས་
    པུའི་ལས་སྟེགས་དང་འབྲེལ་མཐུད་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་སྲོག་ཆགས་ཀྱི་འཕྲོད་བསྟེན་དང་། སྨན། གཟན་ཆགས་ལྟ་སྐུལ་དོ་དམ་ཆ་འཕྲིན་ལས་སྟེགས་དང་སྲོག་ཆགས་ཀྱི་ནད་ཡམས་བརྟག་ཞིབ་གློག་རྡུལ་བདེན་དཔང་མ་ལག་2015ལོའི་ཟླ་8པར་བཙུགས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7གྱི་རྫོང་39ལ་ཚོད་ལྟ་བྱས་ཚུན་ལས་སྟེགས་ཀྱི་མ་ལག་འཁོར་སྐྱོད་བརྟན་པོ་བྱུང་བ་དང་2015ལོའི་ཟླ་12ཚེས་22ཉིན་མ་ལག་དེར་ཞིང་ལས་པུའི་ཆོག་མཆན་ཐོབ་ནས་དངོས་སུ་ཚོད་ལྟའི་འཁོར་སྐྱོད་བྱས་པ་དང་འབྲེལ་2016ལོའི་ཟླ་3ཚེས་15ཉིན་དངོས་སུ་འཁོར་སྐྱོད་བྱས་པས་སྲོག་ཆགས་ཀྱི་ནད་ཡམས་བརྟག་ཞིབ་གློག་རྡུལ་བདེན་དཔང་མ་ལག་ཞིང་ལས་པུའི་ལས་སྟེགས་དང་འབྲེལ་མཐུད་ལེགས་གྲུབ་བྱུང་ཡོད།
         སྔོན་རྩིས་ལྟར་ན། 2016ལོའི་ཟླ་6པར་བོད་རང་སྐྱོང་ལྗོངས་ཀྱི་གློག་རྡུལ་བདེན་དཔང་གྲངས་གཞི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་གོམ་པ་གཅིག་མཚུངས་ངང་འབྲེལ་མཐུད་ཐུབ་ནས་སྲོག་ཆགས་ཀྱི་ནད་ཡམས་བརྟག་ཞིབ་ཚད་ལོན་ངོ་སྤྲོད་རྒྱལ་ཡོངས་སུ་དྲ་སྦྲེལ་ཐོག་འདྲི་རྩད་བྱེད་ཆོག
         རྒྱལ་ཡོངས་དང་འབྲེལ་མཐུད་ཐུབ་རྗེས་ཕྱོགས་གང་ཐད་ལ་འགྱུར་ལྡོག་འགྲོ་སྲིད་དམ། བོད་རང་སྐྱོང་ལྗོངས་སྲོག་ཆགས་ཀྱི་འཕྲོད་བསྟེན་དང་དེ་བཞིན་རྩི་ཤིང་གི་ནད་ཡམས་བརྟག་ཞིབ་ལྟ་སྐུལ་སུའོ་ཡི་འབྲེལ་ཡོད་ལས་དོན་པས་ཞིང་ལས་པུའི་འབྲེལ་ཡོད་སྡེ་ཚན་དང་རང་སྐྱོང་ལྗོངས་སྲོག་ཆགས་ཀྱི་འཕྲོད་བསྟེན་དང་རྩི་ཤིང་གི་ནད་ཡམས་བརྟག་ཞིབ་ལྟ་སྐུལ་སུའོ་ཡིས་སླད་ཕྱིན་རང་ལྗོངས་ནས་བཏང་བ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་ནས་རང་ལྗོངས་སུ་བཏང་བའི་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་རིགས་དང་། གྲངས་ཚད། དུས་ཚོད། ཐབས་ལམ་དང་ལམ་ཐིག་སོགས་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་དེ་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་ཐོན་ཁུལ་དང་ཞིང་ཆེན་སྒྲོལ་ནས་དབོར་འདྲེན་བྱས་པའི་འགྲོ་རྒྱུག་ཁྱབ་ཁོངས་ཁུངས་འདེད་ཐུབ་ནས་སྲོག་ཆགས་ཀྱི་ནད་ཡམས་ཆེ་གྲས་དང་མི་ཕྱུགས་ལ་མཉམ་དུ་ཕོག་པའི་འགོས་ནད་སོགས་ཀྱི་གནད་དོན་སྔ་ཙམ་ཤེས་རྟོགས་དང་དུས་རིམ་བར་མ་དང་རྗེས་མར་ཕུགས་འདེད་དོ་དམ་དང་སྲོག་ཆགས་ཀྱི་འཕྲོད་བསྟེན་ལྟ་སྐུལ་གྱི་ཁྲིམས་འཛིན་བྱེད་སྒོ་སྤེལ་བདེ་པོ་བྱུང་སྟེ་ཕྱུགས་རིགས་ཀྱི་ཐོན་སྐྱེད་དང་སྲོག་ཆགས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་འབྱུང་རྩ་ནས་ཆུང་དུ་གཏོང་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས། རྙོག་འཛིང་ཆེ་བའི་ལས་དོན་དེར་གློག་རྡུལ་བདེན་དཔང་ཐོག་གི་རྩ་གཉིས་ཨང་རྟགས་འདྲད་པའམ་ཡང་ན་སྲོག་ཆགས་ཀྱི་ནད་ཡམས་བརྟག་ཞིབ་གློག་རྡུལ་བདེན་དཔང་ལས་སྟེགས་ཐོག་ཞུགས་ཚེ་ཤེས་རྟོགས་ཁ་གསལ་ཐུབ་ཀྱི་ཡོད། དེ་དང་ཆབས་ཅིག་ལམ་ལུགས་དེ་ཚོད་ལྟའི་ལག་བསྟར་བྱས་པའི་རྫོང་དང་ཆུས་39ཡི་དེ་སྔའི་ངོ་སྤྲོད་ལག་པས་འབྲི་བའི་ཚབ་བྱེད་ཐུབ་རུང་རྫོང་དང་ཆུས་གཞན་35ཡིས་ད་དུང་མུ་མཐུད་དེ་སྔ་ལྟར་ངོ་སྤྲོད་ལག་པས་འབྲི་དགོས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
         འགན་ཁུར་བ་དེས་གློག་རྡུལ་བདེན་དཔང་གྲངས་གཞི་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་གོམ་པ་གཅིག་མཚུངས་ཀྱིས་འབྲེལ་མཐུད་ཐུབ་པ་དེས་དང་ཐོག་ལྟ་སྐུལ་དོ་དམ་ཆ་འཕྲིན་ཕྱིར་ལན་དུས་ཐོག་ཏུ་མ་བྱུང་བ་དང་ཕྱིར་ལན་གྱི་ནང་དོན་གསལ་པོ་མེད་པ་སོགས་ལས་ཐོན་པའི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི་གཞན་དབང་གི་རྣམ་པར་འགྱུར་ལྡོག་གཏོང་ཐུབ་ནས་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་རིམ་གསུམ་མཉམ་འགུལ་དང་བརྡ་ལན་མྱུར་པོ་ཡོང་རྒྱུར་ཆ་རྐྱེན་གཏོད་ཐུབ་ལ་ཞིང་ཆེན་དབར་གྱི་ཆ་འཕྲིན་དང་། ལས་ཀའི་སྤེལ་རེས། ཁྲིམས་འཛིན་མཉམ་ལས་བཅས་ཐད་ལས་སྟེགས་གཏོད་ཐུབ་རྒྱུ་མ་ཟད། ལས་ཀའི་བརྒྱུད་རིམ་སྲོག་ཆགས་ཀྱི་འཕྲོད་བསྟེན་ལྟ་སྐུལ་ཁྲིམས་འཛིན་ལམ་ལུགས་དང་དེ་བས་མཐུན་པ་དང་ཇུས་འགོད་འབྲོག་ལས་ཐོན་སྐྱེད་དང་སྲོག་ཆགས་ཀྱི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པའི་དམིགས་ཚད་ལ་སླེབས་ཐུབ་པ་དང་ཆབས་ཅིག་ཁྲིམས་འཛིན་དཔུང་ཁག་ནང་ངོས་ཀྱི་ཁྲིམས་འགལ་ངོ་དཔང་འགོག་བཅོས་བྱེད་ཐུབ་པ་དང་ཚད་གཞི་ངེས་ཅན་གྱི་ཐོག་ནས་ཁྲིམས་འགལ་ཚོང་པས་ལག་འཁྱེར་རྫུས་མ་འཁྱེར་བའི་གནས་ཚུལ་ཚོད་འཛིན་བྱེད་ཐུབ་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།