༄༅།།ཨོ་སི་ཁྲུ་ལི་ཡའི་བུད་མེད་ཅིག་གིས་གཟའ་འཁོར་བདུན་ནང་གླིང་ཆེན་ཆེན་པོ་བདུན་གྱི་བྱེ་ཐང་བསྐོར་བ།
གསར་འགྱུར་སྤེལ་དུས། 【2016ལོའི་ཟླ་ 04ཚེས་05ཉིན། 09:54】 (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)
མི་དམངས་དྲ་བའི་འཕྲིན། ཨོ་སི་ཁྲུ་ལི་ཡ་བ་སྨི་ནེ·ཀུའུ་ལིས་སྤེལ་མ་ཐག་པའི་འཛམ་གླིང་གི་ཆུའི་ཉིན་མོའི་སྔ་ནུབ་ཏུ་གཟའ་འཁོར་བདུན་ནང་གླིང་ཆེན་ཆེན་པོ་བདུན་གྱི་བྱེ་ཐང་བསྐོར་བ་དེ་མ་ལ་སུང་རྒྱང་རྒྱུག་བཞི་བཅུ་བྱས་པ་དང་འདྲ་ཞིང་། ཁོང་གིས་མི་རྣམས་ཀྱིས་གོ་ལ་ཧྲིལ་པོའི་ཆུའི་ཐོན་ཁུངས་ཉུང་དུ་འགྲོ་བའི་གནད་དོན་ལ་ངོས་འཛིན་ཐུབ་པའི་རེ་བ་བཏོན་པ་རེད།
ལོ་45ལ་སླེབས་པའི་ཀུའུ་ལི་ཟླ་2ཚེས་1ཉིན་སི་ཕེན་གྱི་ཐ་ཝུའེ་ན་སི་བྱེ་ཐང་ནས་རྡོག་ཐོན་བྱས་ཏེ་ཅོར་ཏན་གྱི་ཨ་ལ་པོའི་བྱེ་ཐང་དང་། ལྷོ་སྣེའི་བྱེ་ཐང་། ཨོ་སི་ཁྲུ་ལི་ཡའི་ཤིན་ཕུའུ་སན་བྱེ་ཐང་། ལྷོ་ཨ་ཧྥེ་རི་ཁའི་ལི་ཆི་ཐེ་སི་ཧྥེར་ཏེ་བྱེ་ཐང་། ཀྲི་ལིའི་ཨ་ཐ་ཁྭ་མ་བྱེ་ཐང་བཅས་སུ་བསྐྱོད་ནས་ས་གནས་དེའི་དུས་ཚོད་ཟླ་3ཚེས་21ཉིན་ཨ་རིའི་མོ་ཧ་ཝུའེ་བྱེ་ཐང་དུ་འབྱོར་ནས་བྱེ་ཐང་བསྐོར་བའི་བྱེད་སྒོ་མཇུག་སྒྲིལ་བ་རེད།
ཀུའུ་ལིས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་སྤྱི་ལེ་1688བསྐྱོད་པ་དེ་མ་ལ་སུང་གི་རྒྱང་རྒྱུག་བཞི་བཅུ་བྱས་པ་དང་འདྲ་ཞིང་། ལམ་བར་དུ་ཁོང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ལམ་རྒྱུད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་མི་རྣམས་ཀྱིས་མིག་དཔེ་བཏོན་ནས་ཆུ་གྲོན་ཆུང་དང་ཆུར་སྲུང་སྐྱོང་བྱེད་དགོས་པའི་རེ་འབོད་ཀྱང་བྱས་པ་རེད།
