འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་སྒྲིག་འཛུགས་བྱས་ནས་ཀྲུང་གོའི་
    སྔོན་གཤེགས་དཔའ་བོར་འདས་མཆོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཝེ་ཐེ་ནམ་དུ་བཅའ་སྡོད་སྨྱན་སྦྱོར། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་བཅས་ཀྱི་འཐུས་མི་དང་དེ་བཞིན་ཝེ་ཐེ་ནམ་གྱི་མཛའ་གྲོགས་མི་སྣའི་འཐུས་མི་བཅས་ཝེ་ཐེ་ནམ་བྱང་རྒྱུད་ཨན་ཕེ་ཞིང་ཆེན་ཨན་ཕིང་རྫོང་དུ་གནས་པའི་ཁྲེང་ཤིན་ཀྲུང་གོའི་སྔོན་གཤེགས་དཔའ་བོའི་བང་སོ་དང་ལང་ཏ་ཀྲུང་གོའི་སྔོན་གཤེགས་དཔའ་བོའི་བང་སོར་སྐྱོད་དེ་དེ་གར་ཡོད་པའི་ཀྲུང་གོའི་ཝེ་ཐེ་ནམ་ལ་རོགས་སྐྱོར་གྱི་འགོག་རྒོལ་དམག་འཁྲུག་ནང་ཞུགས་མཁན་སྔོན་གཤེགས་དཔའ་བོའི་རྣམ་ཤེས་243ལ་འདས་མཆོད་བྱས་པ་དང་ཁོང་ཚོས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཆེད་ལེགས་སྐྱེས་ཕུལ་བར་རྗེས་དྲན་དང་བློ་ལ་བརྟན་པོར་ངེས་པ་བྱས་པ་རེད།
         ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧུང་ཞའོ་ཡུང་གིས་འདས་མཆོད་བྱེད་སྒོའི་ཐོག་ལོ་50ཡི་གོང་ཝེ་ཐེ་ནམ་གྱི་མི་དམངས་ཚོས་ཨ་འགོག་རྒྱལ་སྐྱོབ་ཀྱི་འཐབ་རྩོད་བྱེད་རིང་ཝེ་ཐེ་ནམ་ཏང་དང་མི་དམངས་ཀྱི་རེ་ཞུའི་འོག་ཀྲུང་གོ་སྲིད་གཞུང་གིས་སྔ་རྗེས་སུ་ཀྲུང་ཧྭའི་བུ་ཕྲུག་ཁྲི་32ཝེ་ཐེ་ནམ་དུ་མངགས་ནས་ཝེ་ཐེ་ནམ་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱས་པའི་ཁྲོད་ཕུལ་བྱུང་གི་བཀོད་འཐབ་པ་1400ལྷག་ཙམ་ཝེ་ཐེ་ནམ་གྱི་ས་ཆའི་ཐོག་སྐུ་གཤེགས་པ་དང་། ལོ་ན་ཆུང་ལ་རྩ་ཆེའི་ཚེ་སྲོག་ལ་བརྟེན་ནས་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་མཛའ་གྲོགས་ཀྱི་ཉམས་མེད་མཛད་རྗེས་རྡོ་རིང་བཙུགས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།