འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གླེང་མོལ་དང་ཡིག་ཐོག་འདྲི་རྩད་བྱེད་སྐབས་གནད་དོན་གསལ་བཤད་ཇི་མ་
    ཇི་བཞིན་མི་བྱེད་མཁན་ལ་ཐག་གཅོད་ནན་པོ་བྱེད་རྒྱུའི་གཏན་འབེབས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་03ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཐིང་གིས་ཆེད་དོན་བྱེད་ཐབས་བཏོན་ནས་གླེང་མོལ་དང་ཡིག་ཐོག་འདྲི་རྩད་བྱེད་སྐབས་གནད་དོན་ལ་གསལ་བཤད་ཇི་མ་ཇི་བཞིན་མི་བྱེད་མཁན་ལ་ཐག་གཅོད་ནན་པོ་བྱེད་རྒྱུའི་ནན་བཤད་བྱས་ཡོད།
         ཚེས་29ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། པར་འགྲེམས་བྱས་མ་ཐག་པའི་《ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་དང་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཐིང་གི་གླེང་མོལ་དང་ཡིག་ཐོག་འདྲི་རྩད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས་》ནང་སྒྲིག་ཁྲིམས་ལ་སྔར་བས་ཞིབ་བཤེར་ནན་པོ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གླེང་མོལ་དང་ཡིག་ཐོག་འདྲི་རྩད་ལས་དོན་ལ་མཐོང་ཆེན་བྱེད་ཤུགས་ཆེ་རུ་བཏང་ཡོད།
         《བྱ་ཐབས་》ནང་གླེང་མོལ་དང་ཡིག་ཐོག་འདྲི་རྩད་ཀྱི་ལས་དོན་ཁྲོད་སྒྲིག་ཁྲིམས་ལས་ཅུང་འགལ་བའི་ཏང་ཡོན་ལས་བྱེད་པར་ཆ་མཚོན་ན། ངེས་པར་དུ་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་རང་ལ་སྐྱོན་ཞིབ་བྱེད་དགོས་ལ་སྐྱོན་བརྗོད་དང་རོགས་རམ་དང་ལེན་ཞུ་དགོས་པ་དང་། རྩ་འཛུགས་ལ་གནད་དོན་གསལ་བཤད་ཇི་མ་ཇི་བཞིན་མི་བྱེད་མཁན་ལ་ཆ་མཚོན་ན། གལ་སྲིད་ཤེས་རྟོགས་ཐུབ་ཚེ་འཕྲལ་དུ་ཐག་གཅོད་ནན་པོ་བྱེད་དགོས། རྩ་འཛུགས་ཀྱིས་གནད་དོན་གསལ་པོ་མ་ཤེས་པ་རྣམས་རང་འགུལ་ངང་གསལ་བཤད་བྱེད་མཁན་ལ་ཆ་མཚོན་ན། ཐག་གཅོད་བྱེད་སྐབས་གནད་དོན་ཡང་པོར་བརྩིས་ནས་བསམ་གཞིག་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད།
         《བྱ་ཐབས》ནང་ཏང་ཨུད་(ཏང་ཙུའུ)དང་དེ་བཞིན་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཡིག་ཐོག་འདྲི་རྩད་ལས་དོན་ཁྲོད་ཀྱི་བྱེད་པོའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཁ་གསལ་སྟོན་ཡོད། ཡིག་ཐོག་འདྲི་རྩད་བྱ་ཡུལ་གྱི་ཚན་པའི་ཏང་རྩ་འཛུགས་ཀྱི་འགན་འཁྲི་བ་གཙོ་བོ་དང་། ཁག་བགོས་འགོ་ཁྲིད་ཀྱིས་ཡིག་ཐོག་འདྲི་རྩད་བྱ་ཡུལ་གྱི་གསལ་བཤད་ཡིག་ཆ་ལྟ་ཀློག་ཞིབ་དཔྱད་བྱེད་དགོས་པ་མ་ཟད། རྒྱབ་ཤོག་ཏུ་མིང་རྟགས་ཀྱང་འགོད་དགོས་པའི་གཏན་འབེབས་བྱས་ཡོད། གླེང་མོལ་བྱེད་སྐབས་གླེང་མོལ་བྱེད་མཁན་གཉིས་ལས་མི་ཉུང་བ་དང་། གླེང་མོལ་བྱེད་སྐབས་གླེང་མོལ་གྱི་ཟིན་བྲིས་རྒྱག་དགོས་པ་དང་། གླེང་མོལ་བྱ་ཡུལ་དང་གླེང་མོལ་བྱེད་མཁན་འགོ་ཁྲིད་ཀྱིས་གླེང་མོལ་གྱི་ཐོ་འགོད་རེའུ་མིག་གི་རྒྱབ་ཤོག་ཐོག་མིང་རྟགས་བཀོད་ནས་གླེང་མོལ་བྱས་ཏེ་གླེང་མོལ་གྱི་ཡིག་ཚགས་ཚད་ལྡན་རང་བཞིན་དང་། གཟབ་ནན་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་འགན་ལེན་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།