འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཐུང་ཤིན་དངུལ་ལོར་མ་རྐང་ཚད་ཡོད་ཀུང་སི་དེ་ཤར་ཕྱོགས་རྒྱུ་ནོར་དངུལ་
    ལོར་མ་རྐང་ཚད་ཡོད་ཀུང་སིར་དངོས་སུ་མིང་བསྒྱུར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་03ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དངུལ་ལོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བོད་ལྗོངས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཞིབ་བཤེར་ཆོག་མཆན་ཐོབ་པ་དང་། བོད་རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་མོས་མཐུན་ཐོབ་པ་བརྒྱུད། བོད་ལྗོངས་ཐུང་ཤིན་དངུལ་ལོར་མ་རྐང་ཚད་ཡོད་ཀུང་སི་དེ་ཚེས་26ཉིན་བོད་ལྗོངས་ཤར་ཕྱོགས་རྒྱུ་ནོར་དངུལ་ལོར་མ་རྐང་ཚད་ཡོད་ཀུང་སིར་དངོས་སུ་མིང་བསྒྱུར་བ་རེད།
         བོད་ལྗོངས་ཐུང་ཤིན་དངུལ་ལོར་མ་རྐང་ཚད་ཡོད་ཀུང་སི་མིང་བསྒྱུར་རྗེས་དེ་སྔའི་དངུལ་བཅོལ་ཐོ་ཁུངས་བཙུགས་པའི་དངུལ་ཁང་དང་། དངུལ་ཁང་གི་རྩིས་ཁྲ། ཁྲལ་དོན་ཨང་རྟགས། འབྲེལ་གཏུག་ཁ་པར། བརྙན་སྐྱེལ་ཨང་གྲངས་བཅས་ཚང་མ་འགྱུར་ལྡོག་བཏང་མེད་པ་དང་། ཀུང་སིའི་མིང་བསྒྱུར་བ་དེས་དེ་སྔའི་ཁེ་ཕན་དང་འོས་འགན་ཁག་ལའང་ཤུགས་རྐྱེན་ཐེབས་མི་སྲིད། དེ་སྔའི་ཀུང་སིའི་མ་རྩ་དང་བུན་དབང་དངུལ་བུན་དང་དེ་བཞིན་ཕྱི་ཕྱོགས་དང་བཞག་པའི་གན་རྒྱ་དང་གན་རྒྱའི་གྲོས་མཐུན་སོགས་བཅའ་ཁྲིམས་ཀྱི་ཡིག་ཆ་ཚང་མ་བོད་ལྗོངས་ཤར་ཕྱོགས་རྒྱུ་ནོར་དངུལ་ལོར་མ་རྐང་ཚད་ཡོད་ཀུང་སིས་ཁྲིམས་ལྟར་རྒྱུན་མཐུད་བྱ་རྒྱུ་རེད།
         བོད་ལྗོངས་ཐུང་ཤིན་དངུལ་ལོར་2000ལོར་བོད་ལྗོངས་སུ་ཐོ་འགོད་བྱས་ནས་བཙུགས་པ་དང་། དེ་སྔ་བོད་ལྗོངས་དངུལ་ལོར་བདག་གཉེར་ཚད་ཡོད་འགན་འཁྲི་ཀུང་སི་ཞེས་བརྗོད་ཅིང་། ཐོག་མའི་ཀུང་སི་ནི་བོད་ལྗོངས་ཡིད་རྟོན་མངགས་བཅོལ་དངུལ་ལོར་པུའུ་ཞེས་པ་དེ་ཡིན་པ་དང་སྤྱི་ཁྱབ་པུའུ་ཧྲང་ཧའེ་རུ་བཙུགས་ཡོད། 2012ལོའི་ཟླ་2པར་དངུལ་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད་ཀུང་སིས་ཐོ་འགོད་བྱས་པའི་མ་རྩ་སྒོར་དུང་ཕྱུར་2ནས་སྒོར་དུང་ཕྱུར་6བར་མང་དུ་སོང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།