འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དབང་པོ་ཞལ་འདེབས་འབུལ་གྲངས་6624ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་03ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་འཚོགས་པའི་2016ལོའི་རྒྱལ་ཡོངས་མི་ལུས་དབང་པོ་ཞལ་འདེབས་འབུལ་མཁན་ལ་མྱ་ངན་དང་དྲན་གསོ་ཞུ་བའི་བྱེད་སྒོ་ནས་ཤེས་རྟོགས་བྱས་པར། ཟླ་3ཚེས་20ཉིན་བར། རྒྱལ་ཡོངས་སུ་ཐོ་བཀོད་པའི་དབང་པོ་ཞལ་འདེབས་འབུལ་མཁན་དང་བླངས་པ་ཁྲི་6.6ལྷག་ཙམ་ཡོད་པ་དང་། དབང་པོ་ཞལ་འདེབས་འབུལ་གྲངས་6624ཟིན་པ། དབང་པོ་ཉམས་འགྲོ་མཁན་ནད་པ་ཁྲི་1.8ལྷག་ཙམ་སྐྱོབ་བཅོས་བྱས་པ་བཅས་ཡིན་པ་རེད།
         རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཕེ་ཨན་གྱིས་ཀྲུང་གོར་མི་ལུས་དབང་པོ་ཞལ་འདེབས་འབུལ་བའི་ལས་དོན་སྤེལ་ནས་ལོ་6སོང་རིང་ཚན་རིག་དང་མཐུན་ལ་གཞུང་དྲང་དང་སྤྱི་དམངས་འདས་རྗེས་མི་ཆོས་དང་མཐུན་པའི་དབང་པོ་རིན་མེད་ངང་ཞལ་འདེབས་འབུལ་བའི་མ་ལག་ཅིག་རགས་ཙམ་ཆགས་ཡོད། མི་ཁྲི་བརྒྱའི་ནང་ནས་ལོར་ཞལ་འདེབས་འབུལ་གྲངས་(PMP)2010ལོ་ལས་ཆེས་ཆེར་འཕར་ཏེ་ལོར་ཞལ་འདེབས་འབུལ་གྲངས་ཨེ་ཤེ་ཡའི་དང་པོ་དང་འཛམ་གླིང་གི་ཨང་གསུམ་པར་སླེབས་ཀྱི་ཡོད། མ་ལག་དེས་འཆི་ལ་ཉེ་བའི་ཚེ་སྲོག་མང་པོ་སྐྱོབས་ནས་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་སྟེ་རང་རྒྱལ་གྱི་དབང་པོ་ཞལ་འདེབས་དང་དབང་པོ་བརྗེ་བའི་བྱ་གཞག་ཐད་ལིའུ་གསར་པ་བརྩམས་ཡོད།
         ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ཚེ། རང་རྒྱལ་གྱི་དབང་པོ་ཞལ་འདེབས་འབུལ་བའི་ལས་ཀའི་མ་ལག་འཛུགས་སྐྱོང་གི་ལས་འགན་སྔར་བཞིན་ལྕི་ལ་ལམ་ཐག་རིང་པོ་ཡོད། ཚོད་རྩིས་བྱས་ན། རང་རྒྱལ་དུ་ལོ་ལྟར་དབང་པོ་ཉམས་ནས་བཅོས་ཐབས་མེད་པ་སོགས་དབང་པོ་བརྗེ་དགོས་པའི་ནད་པ་ཁྲི་30ཙམ་ཡོད་པའི་ནང་དབང་པོ་བརྗེ་ཐུབ་པའི་གྲངས་འབོར་ཁྲི་1ལས་ཟིན་གྱི་མེད། དེ་ནི་སྤྱི་དམངས་ཀྱིས་དབང་པོ་ཞལ་འདེབས་འབུལ་བའི་བྱ་སྤྱོད་ལ་བསམ་ཤེས་ཡག་པོ་མི་ཐུབ་པ་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་མ་ལག་འཐུས་སྒོ་མི་ཚང་བ་དང་འབྲེལ་བ་ཡོད་པ་རེད།
         རང་རྒྱལ་གྱི་དབང་པོ་བརྗེ་བའི་ལས་དོན་དེ་དུས་རབས་གོང་མའི་ལོ་རབས་60པ་ནས་འགོ་བཙུགས་ཤིང་། 2007ལོར། 《མི་ལུས་དབང་པོ་བརྗེ་བའི་སྲོལ་ཡིག་》ཁྱབ་བསྒྲགས་བྱས་ཏེ་ལག་བསྟར་བྱས་ཚུན། རང་རྒྱལ་གྱིས་མི་ལུས་དབང་པོ་ཞལ་འདེབས་འབུལ་བའི་མ་ལག་དང་། མི་ལུས་དབང་པོ་རག་ཐབས་དང་བགོ་འགྲེམས་ཀྱི་མ་ལག མི་ལུས་དབང་པོ་བརྗེ་བའི་ནད་ཐོག་ཞབས་ཞུའི་མ་ལག མི་ལུས་དབང་པོ་བརྗེ་བའི་གཤག་བཅོས་བྱས་རྗེས་ཀྱི་ཐོ་བཀོད་མ་ལག མི་ལུས་དབང་པོ་བརྗེ་བར་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་བཅས་རིམ་བཞིན་བཙུགས་ཡོད་ཅིང་། 2010ལོའི་ཟླ་3པར། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཀྲུང་གོ་རྒྱ་གྲམ་དམར་རྟགས་སྤྱི་ཁྱབ་ཚོགས་པ་དང་མཉམ་དུ་སྤྱི་དམངས་འདས་རྗེས་དབང་པོ་ཞལ་འདེབས་འབུལ་བའི་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་ཡོད་པ་རེད།
         ཇི་ལྟར་བྱས་ན་དབང་པོ་ཞལ་འདེབས་འབུལ་མཁན་དང་བླངས་པར་འགྱུར་རམ། དེའི་ཐད་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། རང་མོས་ངང་དབང་པོ་ཞལ་འདེབས་འབུལ་འདོད་ཡོད་པའི་སྤྱི་དམངས་ཀྱིས་ཐོབ་ཐང་ལག་ཁྱེར་འཁྱེར་ཏེ་ས་གནས་དེ་གའི་མི་ལུས་དབང་པོ་ཞལ་འདེབས་ལྟེ་གནས་སུ་རང་མོས་ཐོ་བཀོད་ཡི་གེ་བྲིས་རྗེས་དབང་པོ་ཞལ་འདེབས་འབུལ་མཁན་དང་བླངས་པ་བྱེད་ཐུབ། དང་བླངས་པ་སོ་སོར་ཨང་གྲངས་གཅིག་ཁོ་ན་ལས་མེད་པ་དེ་རྗེས་སུ་དབང་པོ་ཞལ་འདེབས་འབུལ་སྐབས་ཨང་གྲངས་དེ་བརྒྱུད་ནས་བློ་འདྲི་བྱེད་ཆོག་གི་ཡོད་རེད།
      

    ཕྱོགས་བསྡུས་གསར་འགྱུར།