འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་50ལྷག་བཏང་ནས་གྲོང་གསེབ་ཀྱི་
    མི་རྣམས་ཀྱི་འཚོ་གནས་ཁོར་ཡུག་ལེགས་བཅོས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་བདེ་སྡོད་གཞུང་ལས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2010ལོ་ནས་2015ལོའི་བར་བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་56.98བཏང་ནས་གྲོང་གསེབ་ཀྱི་མི་རྣམས་ཀྱི་འཚོ་གནས་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྐྱོང་གི་ལས་གཞི་ལག་བསྟར་བྱས་པ་རེད། དེའི་ནང་རང་སྐྱོང་ལྗོངས་ཀྱིས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་37.93དང་། ས་ཁུལ་(གྲོང་ཁྱེར)གྱིས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་9.29། རྫོང་(ཆུས)གིས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་4.7བཅས་བཏང་བ་དང་། མང་ཚོགས་ཀྱིས་སྒོར་དུང་ཕྱུར་5.06ཟིན་པའི་ངལ་རྩོལ་ནུས་ཤུགས་བཏོན་པ་རེད།
         2010ལོ་ནས་བཟུང་བོད་ལྗོངས་ཀྱིས་སྲིད་འཛིན་གྲོང་ཚོ་500རུ་གྲོང་གསེབ་ཀྱི་མི་རྣམས་འཚོ་གནས་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་ཚོད་ལྟ་བྱས་པ་དང་། 2011ལོ་ནས་2015ལོའི་བར་མུ་མཐུད་ནས་སྲིད་འཛིན་གྲོང་ཚོ་4898གྲོང་གསེབ་ཀྱི་མི་རྣམས་འཚོ་གནས་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞིའི་ཁྱབ་ཁོངས་ནང་བཅུག་སྟེ་ཁྱོན་བསྡོམས་སྲིད་འཛིན་གྲོང་ཚོ་5398ཟིན་པ་རེད། ལོ་ལྔ་ཚན་བཅུ་གཉིས་པའི་དུས་མཇུག་གི་བར་དུ་བོད་ལྗོངས་ཀྱིས་གཞི་རྩའི་ཆ་ནས་སྲིད་འཛིན་གྲོང་ཚོའི་(གྲོང་མི་ཨུ་ལྷན)མི་རྣམས་འཚོ་གནས་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་ཡོངས་སུ་ཁྱབ་པར་བྱས་ཡོད།
          ཀྲུང་དབྱང་གི་རིག་གནས་འཕེལ་རྒྱས་དང་། ཆུ་ཀ་ལ་འཁྲིད་རྒྱུ་དང་གསང་སྤྱོད་བཅོས་རྒྱུ། གྲོང་གསེབ་ཀྱི་གཞུང་ལམ། གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཆེད་སྤྱོད་མ་དངུལ་དང་བོད་རང་སྐྱོང་ལྗོངས་ཀྱི་ཆ་འགྲིག་མ་དངུལ་སྡེབ་སྒྲིག་བྱས་པའི་རྨང་གཞི་ཐོག བོད་རང་ལྗོངས་ཀྱིས་ཞིང་དུད་ཀྱི་དཔེ་ཁང་དང་། ཕྱོགས་བསྡུས་རིག་གནས་ལུས་རྩལ་སྒྲིག་བཀོད། གྲོང་ཚོ་རིམ་པའི་རླུང་འཕྲིན་རིག་གནས་ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད། སྐོར་སྐྱོད་གློག་བརྙན་གྱི་ཞབས་ཞུ། གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་ལེགས་སྒྲིག ཉི་ནུས་སྤྱི་སྤྱོད་གློག་སྒྲོན། གྲོང་ཚོའི་གཞུང་ལམ་འཛུགས་སྐྲུན། གྲོང་གསེབ་ཀྱི་གད་སྙིད་དང་བཙོག་ཆུ་བཅོས་སྐྱོང་། གྲོང་ཚོ་ཁྲི་སྟོང་མང་པོའི་ཁྲོམ་རའི་ལས་གཞི། གྲོང་ཚོའི་ལྗང་སྒྱུར་མཛེས་བཟོ་ལས་གཞི་སོགས་རྣམ་གྲངས་བཅུ་གཙོ་གནད་དུ་བཟུང་སྟེ་ལག་ལེན་བསྟར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།