འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་ཞའོ་ལིན་གྱིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ལས་ཚབ་ཀྱི་འགན་བཞེས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 16:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།པུའུ་ཞའོ་ལིན་གྱིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ལས་ཚབ་ཀྱི་འགན་བཞེས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན་ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་དུ་པ་ཐེར་གྱིས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་ལས་ཁུར་རྩ་དགོངས་ཞུ་བ་དང་ལེན་བྱེད་རྒྱུ་དང་། པུའུ་ཞའོ་ལིན་ནང་སོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུའུ་ཞིའི་ལས་ཚབ་ཏུ་བསྐོ་རྒྱུའི་གྲོས་ཐག་བཅད་པ་རེད།
         པུའུ་ཞའོ་ལིན་གྱི་ལོ་རྒྱུས་མདོར་བསྡུས། པུའུ་ཞའོ་ལིན། བུད་མེད། སོག་རིགས། 1958ལོའི་ཟླ་8པར་སྐྱེས། ནང་སོག་ཐུའུ་ཙོ་ཆི་ནས་ཡིན་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ཡོད་པ། ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཡིན་ཞིང་། 1985ལོའི་ཟླ་6པར་ཏང་ལ་ཞུགས་པ་དང་1976ལོའི་ཟླ་6པར་ལས་ཀར་ཞུགས་པ་རེད།
         ད་ལྟ་ནང་སོག་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུའུ་ཞིའི་ལས་ཚབ་བཅས་ཀྱི་འགན་བཞེས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།