འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་རྡུལ་བདེ་འཇགས་དབུ་ཚོགས་སྐབས་རིམ་བྱུང་ལ་ཕྱིར་མིག་ལྟ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཉིང་རྡུལ་བདེ་འཇགས་དབུ་ཚོགས་སྐབས་རིམ་བྱུང་ལ་ཕྱིར་མིག་ལྟ་བ།
         མི་དམངས་དྲ་བའི་འཕྲིན། སྐབས་དང་པོའི་ཉིང་རྡུལ་བདེ་འཇགས་དབུ་ཚོགས་དེ་2010ལོའི་ཟླ་4པར་ཨ་རིའི་ཝ་ཧྲིང་ཐོན་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་སྤྱི་བསྒྲགས་དང་ལས་ཀའི་འཆར་གཞི་སྤེལ་ནས་འགན་འཁུར་བའི་རྒྱལ་ཁབ་ཀྱི་བྱ་སྤྱོད་དང་རྒྱུན་མཐུད་ནུས་ལྡན་གྱི་རྒྱལ་སྤྱིའི་མཉམ་ལས་དང་དེ་བཞིན་བདེ་འཇགས་བྱ་ཐབས་ནུས་ལྡན་སྤྱད་པ་བརྒྱུད་ཉིང་རྡུལ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་ཉུང་དུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད།
         སྐབས་གཉིས་པའི་ཉིང་རྡུལ་བདེ་འཇགས་དབུ་ཚོགས་དེ་2012ལོའི་ཟླ་3པར་ཧན་གོའི་ཧྲོའར་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་《ཧྲོའར་སྤྱི་བསྒྲགས་》ལ་གྲོས་འཆམ་བྱུང་ནས་གཅུན་སྡོམ་ནུས་པ་མེད་པའི་ཁས་ལེན་ནམ་ཡང་ན་ལྕག་སྐུལ་བྱ་ཐབས་ཁག་13བཏོན་ཡོད།
         སྐབས་གསུམ་པའི་ཉིང་རྡུལ་བདེ་འཇགས་དབུ་ཚོགས་དེ་2014ལོའི་ཟླ་3པར་ཧོ་ལན་གྱི་ཧའེ་ཡ་རུ་འཚོགས་པ་དང་། ཚོགས་འདུའི་ཐོག་《ཧའེ་ཡ་སྤྱི་བསྒྲགས་》ལ་གྲོས་འཆམ་བྱུང་ཡོད། ཚོགས་ཞུགས་འགོ་ཁྲིད་མི་སྣས་ཡིའུ་ཉིང་རྡུལ་གར་ཚད་མཐོ་བའི་རྒྱུ་ཆའི་གྲངས་འབོར་ཉུང་དུ་གཏོང་བ་དང་། འགྱེད་འཕྲོ་རང་བཞིན་གྱི་རྒྱུ་ཆའི་བདེ་འཇགས་འགན་ལེན་བྱ་ཐབས་མང་དུ་གཏོང་བ། རྒྱལ་སྤྱིའི་ཆ་འཕྲིན་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ་བཅས་ཕྱོགས་གསུམ་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད།
         འདི་ནི་2010ལོའི་ཟླ་4ཚེས་12ཉིན་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་ཨ་རིའི་ཙུང་ཐུང་ཨོ་པ་མས་(གཡས་)སྐབས་དང་པོའི་ཉིང་རྡུལ་བདེ་འཇགས་དབུ་ཚོགས་ཀྱི་དགོང་དྲོའི་གསོལ་སྟོན་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་ལ་བསུ་བ་ཞུ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།