འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་གོ་མིན་ཏང་གི་གསར་བསྐོས་ཀྲུའུ་ཞི་ཧུང་ཤིའུ་ཀྲུའུ་ཡིས་འགན་བཞེས་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན་ཀྲུང་གོ་གོ་མིན་ཏང་གིས་ཐའེ་པེའི་ཀྲུང་དབྱང་ཏང་པུའུ་ཡིས་གསར་དུ་བསྐོས་པའི་ཏང་གི་ཀྲུའུ་ཞིས་འགན་བཞེས་པའི་མཛད་སྒོ་འཚོགས་ཤིང་། ཧུང་ཤིའུ་ཀྲུའུ་ཡིས་དངོས་སུ་གོ་མིན་ཏང་གི་ཀྲུའུ་ཞིའི་འགན་བཞེས་པ་རེད། འགན་བཞེས་དུས་ཚད་ནི་2017ལོའི་གོ་མིན་ཏང་གི་འཐུས་མི་ཚོགས་ཆེན་ཉི་ཤུ་པའི་བར་དུ་རེད།
         ཟླ་དང་པོར་ཐའེ་ཝན་ས་ཁུལ་གྱི་འགོ་ཁྲིད་འདེམས་བསྐོ་བྱེད་སྐབས་གོ་མིན་ཏང་ཕམ་རྗེས། སྐབས་དེར་ཏང་གི་ཀྲུའུ་ཞིའི་འགན་བཞེས་མཁན་ཀྲུའུ་ལི་ལོན་གྱིས་ལས་ཁུར་དགོངས་ཞུ་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཏེ་འདེམས་བསྐོའི་ནང་དུ་ཕམ་པའི་འགན་ཁུར་བ་རེད། ཟླ་3ཚེས་26ཉིན་གོ་མིན་ཏང་གིས་ཏང་གི་ཀྲུའུ་ཞི་གསབ་འདེམས་ཀྱི་འདེམས་ཤོག་འཕངས་ཤིང་། ཧུང་ཤིའུ་ཀྲུའུ་ལ་འདེམས་ཤོག་78829ཐོབ་པ་དང་འདེམས་ཤོག་ཐོབ་ཚད་56%ལས་བརྒལ་ནས་གོ་མིན་ཏང་གི་ལོ་རྒྱུས་སྟེང་གི་སྐྱེས་མ་ཀྲུའུ་ཞི་ཐོག་མར་གྱུར་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།