འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་གི་བོད་སྐྱོར་ལས་བྱེད་པས་ཞིང་འབྲོག་པར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀོང་ཏུང་གི་བོད་སྐྱོར་ལས་བྱེད་པས་ཞིང་འབྲོག་པར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རོགས་བྱས་པ།
         བོད་རང་སྐྱོང་ལྗོངས་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དགའ་པ་གྲོང་ཚོའི་གྲོང་མི་ཧུའུ་ཞའོ་པིང་(རྒྱ་རིགས་)དང་ཤར་མེ་(བོད་རིགས་)ཁྱིམ་གྱི་བུ་རྒན་པ་དང་བུ་འབྲིང་བ་སློབ་ཆེན་འགྲིམ་བཞིན་ཡོད་པས་ཁྱིམ་ཚང་གི་ཁུར་པོ་ཅུང་ལྕི་པོ་ཡོད། 2014ལོ་ནས་བཟུང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཁྱིམ་ཚང་དེར་མ་དངུལ་གྲབས་གསོག་བྱས་པ་དང་འབྲེལ་ལག་རྩལ་ཐད་ནས་རྒྱབ་སྐྱོར་བྱས་ཏེ་ཁོང་ཚོར་སྔོ་ཚལ་འདེབས་རྒྱུར་རོགས་རམ་བྱས་པས་ཁོང་ཚོའི་ཁྱིམ་ལ་ལོ་གཉིས་རིང་ལོ་རེར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད་པ་རེད། ད་ཆ་བཟའ་ཚོ་གཉིས་ཀྱི་ཚལ་ཞིང་ཡང་རྫ་ཡུལ་རྫོང་གི་སྔོ་ཚལ་འདེབས་འཛུགས་གསོ་སྦྱོང་རྟེན་གཞིར་གྱུར་ནས་རྫོང་དེ་ཡོངས་ཀྱི་ཞིང་འབྲོག་དུད་ཚང་བརྒྱ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྣེ་ཁྲིད་ཐུབ་ཅིང་། འདི་ནི་ཟླ་3ཚེས་27ཉིན་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་རྫ་ཡུལ་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་མོ་ཝུའེ་ཏུང་(གཡོན་)གིས་ཧུའུ་ཞའོ་པིང་ལ་ཚལ་ཞིང་ནང་ལག་རྩལ་མཛུབ་ཁྲིད་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།