འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”བྱེད་སྒོ་བོད་དུ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2016ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་བྱེད་སྒོ་དེ་ཚེས་27ཉིན་བོད་ལྗོངས་ཉིང་ཁྲི་རུ་སྤེལ་འགོ་ཚུགས་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་30ནས་ཡོང་བའི་གཅེས་སེམས་དང་བླངས་པ་207བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་ཐག་རིང་ལུང་ཁུག་གི་གྲོང་གསེབ་ཀྱི་སློབ་ཆུང་དུ་དཔེ་ཁུག་དང་ཡིག་ཆས་སོགས་སྒོར་ཁྲི་20རི་བའི་གཅེས་སེམས་མཚོན་པའི་དངོས་པོ་ཞལ་འདེབས་ཕུལ་བར་བསྐྱོད་དེ་དང་བླངས་པས་ས་གནས་ས་ཐོག་ཏུ་གཅིག་རོགས་གཅིག་གི་སློབ་མ་དབུལ་པོ་55ངོས་འཛིན་རྩིས་ལེན་བྱས་ཏེ“ལག་གདང་སྦྲེལ་བའི”རོགས་སྐྱོར་བྱེད་སྒོ་སྤེལ་བ་རེད།
         ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་ལྟེ་བའི་སློབ་ཆུང་དང་རྒྱ་ཤིང་ཤང་ལྟེ་བའི་སློབ་ཆུང་ས་བབ་མཐོ་ཚད་སྨི་3800ཡན་དུ་གནས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་རྣམས་གཞི་རྩའི་ཆར་ཞིང་འབྲོག་པའི་ཁྱིམ་ཚང་ནས་ཡོང་བ་ཤ་སྟག་ཡིན་ལ་ཡོང་འབབ་ཀྱང་དེ་ཙམ་མཐོ་པོ་མེད་པས་ཁྱིམ་ཚང་ཁག་གཅིག་གི་འཚོ་བར་དཀའ་ངལ་ཆེ་ཙམ་ཡོད་། གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་དང་བླངས་པ་200ཡིས་ས་གནས་ས་ཐོག་ཏུ་ཞལ་འདེབས་བསྡུས་ནས་བྱུང་བའི་དགེ་སྒྲུབ་དངུལ་སྒོར་ཁྲི་7དེ་དག་ཕྲུ་གུ་ཚོའི་འཚོ་བ་དང་སློབ་སྦྱོང་གི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་ཐད་སྤྱད་པ་རེད།
         ཉང་ཕུ་ཤང་ལྟེ་བའི་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་བསམ་གྲུབ་ཀྱི་ཕ་སྔ་ས་ནས་ཚེ་ལས་འདས་པས་ཁྱིམ་ཚང་དེ་ཞིང་འབྲོག་ལས་ཀྱི་ཡོང་འབབ་ཕྲན་བུར་བརྟེན་པ་དང་ཨ་མས་སྐབས་འགར་ལས་ཀ་ཙག་ཙིག་བྱས་ནས་འཚོ་ཐབས་བྱེད་ཀྱི་ཡོད། དང་བླངས་པ་ཧྥང་ཡུང་ཅུན་གྱིས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་རྗེས་འཕྲལ་མར་བསམ་གྲུབ་ལ་གཅིག་རོགས་གཅིག་བྱས་ནས་སློབ་ཆུང་ནས་སློབ་ཆེན་བར་གྱི་འཚོ་བའི་གྲོན་དངུལ་རོགས་རམ་བྱ་རྒྱུ་དང་ཆབས་ཅིག་ད་ལྟ་ནས་སློབ་མཇུག་མ་འགྲིལ་བར་གྱི་འགྲོ་སོང་ཚང་མ་འགན་འཁུར་རྒྱུའི་ཐག་བཅད་པ་རེད།
         “ད་རེས་ཀྱི་བྱེད་སྒོ་དེས་ཉིང་ཁྲིའི་ཕྲུ་གུ་ཚོར་ཐད་ཀར་གཅེས་སེམས་རོགས་སྐྱོབ་ཐོབ་པ་མ་ཟད། ད་དུང་བོད་ཀྱི་བྱིས་པ་དབུལ་པོ་དང་རྒྱལ་ཡོངས་ས་གནས་ཁག་གི་གཅེས་སེམས་རོགས་སྐྱོབ་སྟོབས་ཤུགས་དབར་ཕན་ཚུན་རོགས་རམ་བྱེད་པའི་སྦྲེལ་ཟམ་སྐྲུན་ནས་ཕུགས་ཕན་དབུལ་སྐྱོར་རོགས་སྐྱོར་གྱི་ལམ་སྲོལ་འཛུགས་ཐུབ”ཅེས“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་དྲུང་ཆེ་གཞོན་པ་ཝང་དབྱི་ཆང་གིས་དེ་ལྟར་བཤད་པ་རེད།
         “ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྤྱི་ཕན་བྱེད་སྒོ་དེ་ནི་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་ཀྱི་མི་ཚོགས་དབུལ་པོར་གཅེས་སྐྱོང་དང་རོགས་སྐྱོར་ལྟེ་བར་བྱེད་པའི་གཞི་ཁྱོན་ཆེ་བའི་གནས་གཏན་འཁེལ་དང་ཁ་ཕྱོགས་གཏན་འཁེལ་བརྗོད་གཞིར་བྱེད་པའི་སྤྱི་ཕན་བྱེད་སྒོ་ཞིག་ཡིན་པ་དང་། 2010ལོ་ནས་བཟུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི“སེམས་མཐུན་འདུ་འགོད”ནང་བཅུག་ནས“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་འདུ་འགོད་ཅེས་བརྗོད་ཀྱི་ཡོད། 2016ལོའི་ལོ་འོག་བར་བྱེད་སྒོ་དེ་སི་ཁྲོན་དང་། ཉིང་ཞ། ཧྲན་ཏུང་། ནང་སོག བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་སུ་ཁྱབ་ནས་དང་བླངས་པ་ཁྲི་3ཙམ་སྒྲིག་འཛུགས་བྱས་ནས་གཅེས་སེམས་སྐྱེས་སུ་ཕུལ་བས་མང་ཚོགས་ཁྲི་30ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།