འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བཞུགས་
    མོལ་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་གྱི་ཕྱི་དྲོ། བོད་ཀྱིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ལས་རིགས་ཁག་གི་མི་སྣས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས་རང་ཉིད་ཀྱི་མྱོང་ཚོར་དངོས་ལྷུག་པོར་གླེང་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་བྲན་སྡེ་ཁུལ་གྱི་གྲོང་མི་སྐལ་བཟང་ཕུན་ཚོགས་ཀྱིས་1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ཁྲི་ཚོ་བརྒྱར་རང་ཁྱིམ་རང་བདག་བྱུང་ནས“མངའ་བདག་ཆེན་པོ་གསུམ”ལ་བྲན་གཡོག་རྒྱུག་པ་ནས་ཕྱིར་འགྲོ་དུས་རླངས་འཁོར་ནང་སྡོད་པ་དང་རང་ཉིད་ཀྱིས་རླངས་འཁོར་ཉོ་བའི་བར་དང་ཕྱུགས་ཟོག་དང་མཉམ་ཟ་མཉམ་སྡོད་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་ཁང་ནང་སྡོད་རྒྱུ་བྱུང་བའི་བར་ལས་ང་ཚོའི་འཚོ་བའི་གང་ཅིའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་ཡོད་ཅེས་ཕྱིར་དྲན་བྱེད་བཞིན་དུ་བཤད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་སྐལ་བཟང་ནོར་བུས“ཕ་མས་ང་ལ་མིང‘བསྐལ་བཟང’ཞེས་བཏགས་དོན་ནི་བསྐལ་པ་བཟང་བའི་དུས་སུ་སྐྱེ་བ་ཞེས་པའི་དོན་བསྟན་རྒྱུ་ཡོད་པ་དེ་ཐོག་ནས་ཕ་རབས་ཚོས་སྤྱི་ཚོགས་རྙིང་པའི་མུན་ནག་ལ་སེམས་གཏིང་ནས་འཁོན་འཛིན་དྲག་པོ་བྱེད་པ་དང་སྤྱི་ཚོགས་གསར་པའི་བདེ་སྐྱིད་ལྡན་པའི་འཚོ་བའི་མྱོང་ཚོར་དངོས་དང་སྤྲོ་སེམས་མཚོན་ཡོད”ཅེས་གསུངས། ཁོང་སྔ་རྗེས་སུ་རང་རྒྱལ་གྱི་གྲགས་ཅན་གསོ་རིག་སློབ་གླིང‘པེ་ཅིང་ཞེ་ཧོ་སྨན་ཁང’དང‘ཧྥུའུ་ཏན་སློབ་ཆེན་ཧྲང་ཧའེ་གསོ་རིག་སློབ་གླིང’གཉིས་སུ་སློབ་གསོ་ཡག་ཤོས་དང་ལེན་བྱས་ནས་ཀྲུང་གོས་གསོ་སྐྱོང་གནང་བའི་བོད་རིགས་ཀྱི་གསོ་རིག་འབུམ་རམས་པ་ཐོག་མ་དེར་གྱུར་ཡོད་མོད། འོན་ཀྱང་ཁོང་གིས་པེ་ཅིང་དང་ཧྲང་ཧའེ་རུ་སྡོད་པ་དང་། ཕྱི་རྒྱལ་དུ་འགྲོ་བའི་གོ་སྐབས་གློད་བཏང་སྟེ་བོད་དུ་ལས་ཀ་གནང་བར་ཕེབས་ནས་རང་ཉིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་ལས་ལ་གཞོལ་ཡོད།
         བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་གི་སློབ་མ་མཚོ་མོས་ངས་དཀའ་སྡུག་མུན་ནག་གི་སྤྱི་ཚོགས་རྙིང་པ་བརྒྱུད་མྱོང་མེད་ནའང་ཆུང་བྱིས་པའི་དུས་ནས་རྨོ་བོ་ལགས་ཀྱིས་བོད་རྙིང་པའི་ལོ་རྒྱུས་བཤད་མྱོང་ཡོད་ལ། སྤྱི་ཚོགས་རྙིང་པའི་ཡ་ང་རྙིང་རྗེ་མེད་པའི་སྣང་ཚུལ་ཡང་བཤད་མྱོང་ཡོད། ང་ཚོས་ཐོབ་པར་དཀའ་བའི་ད་ཆའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དགོས་ཞེས་བཤད།
         ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཡང་རི་སྒར་དགོན་པའི་སྤྲུལ་སྐུ་བྲག་ལོག་བསྟན་འཛིན་རྡོ་རྗེས“དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་རྦད་དེ་མགོ་རྟིང་བསློགས་པ་དང་རྒྱ་ཆེའི་གྲྭ་བཙུན་ཚོའི་དགོན་སྡེའི་ནང་ཁུལ་གྱི་རིམ་དབྱེའི་ལམ་ལུགས་མེད་པ་བཟོས་པས་འདྲ་མཉམ་རང་དབང་གི་ཐོབ་ཐང་ངོ་མའི་ཐོག་ནས་ཚུལ་ཁྲིམས་རྣམ་དག་དང་ཐོས་བསམ་སྒོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་བའི་ཡང་དག་ལམ་བུའི་ཐོག་བསྐྱོད་རྒྱུ་བྱུང་ཡོད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།