འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་གཡོད་རེ་ནེ་ལུའུ་ཡིས་ཨོ་རྩལ་འགྲན་ཚོགས་ལ་བསུ་བ་ཞུ་ཆེད་གནམ་ཐང་གི་སྐྱེལ་འདྲེན་
    དུས་ཚོད་རིང་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལི་གཡོད་ཨོ་རྩལ་འགྲན་ཚོགས་ལ་བསུ་བ་ཞུ་ཆེད་འགྲུལ་རྒྱུན་ཁྲི་100ལས་བརྒལ་རྒྱུ་ཡིན་པས་ལི་གཡོད་གྲོང་ཁྱེར་ནང་དུ་གནས་པའི་སང་ཐོ་སི་ཏུའུ་མོང་ཐེ་གནམ་ཐང་དུ་སྐྱེལ་འདྲེན་བྱེད་པའི་དུས་ཚོད་རིང་དུ་གཏོང་རྒྱུ་དང་ཉེ་འདབས་སུ་གནས་པའི་ཅ་ལའེ་ཨང་རྒྱལ་སྤྱིའི་གནམ་ཐང་རྒྱས་སྐྲུན་བྱ་རྒྱུ་རེད།
         པར་ཙིར་དམངས་སྤྱོད་མཁའ་འགྲུལ་གྱི་ལག་བསྟར་དྲུང་ཆེ་ལ་མ་ལུའེ་ཡིས་ཨོ་རྩལ་འགྲན་ཚོགས་ཆེད་རྒྱས་སྐྲུན་བྱ་རྒྱུའི་ཅ་ལའེ་ཨང་རྒྱལ་སྤྱིའི་གནམ་ཐང་གི་ཁུལ་གསར་ཟླ་5ཚེས་10ཉིན་དངོས་སུ་ལེགས་གྲུབ་ཟིན་རྒྱུ་ཡིན་པ་དང་སྐབས་དེ་དུས་ཅ་ལའེ་ཨང་གནམ་ཐང་གི་ལོའི་འགྲུལ་རྒྱུན་མི་ཐེངས་ཁྲི་3400ཟིན་རྒྱུ་དང་མིག་སྔར་ལོའི་འགྲུལ་རྒྱུན་མི་ཐེངས་ཁྲི་1900ཟིན་ཡོད་པ་རེད། གནམ་ཐང་གསར་པར་གནམ་གྲུ་སྒུག་སའི་ཐོག་ཁང་དེ་བས་ཆེ་བ་ཡོད་པ་ཕུད་ད་དུང་ཟ་ཁང་དང་ཚོང་ཁང་གཞི་གཅིག་ཅན་གྱི་ཚོང་ལས་ལྟེ་གནས་ཡོད་ཅེས་བཤད།
         ལི་གཡོད་ཨོ་རྩལ་འགྲན་ཚོགས་ཟླ་8ཚེས་5ནས་22ཉིན་བར་གཉེར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།