འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།“ཨུ་རུ་སུའི་སློབ་མའི་ལས་འགུལ”གཏོད་ པའི་ཚོགས་འདུ་མོ་སི་ཁོར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་སྤྱི་ཚོགས་དང་རྒྱལ་ཁབ་གཞོན་ནུ་ལོ་ཆུང་རྩ་འཛུགས་ཀྱི“ཨུ་རུ་སུའི་སློབ་མའི་ལས་འགུལ”གཏོད་པའི་ཚོགས་འདུ་ཚེས་28ཉིན་གཞུང་བཙུགས་མོ་སི་ཁོ་སློབ་ཆེན་དུ་འཚོགས་པ་རེད།
         “ཨུ་རུ་སུའི་སློབ་མའི་ལས་འགུལ”དྲ་ཚུགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚོགས་འདུའི་ཐོག་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་ལེང་ཙན་སི་ཅི་ཀྲུའུ་ཞིར་བདམས་པ་དང་དེ་ཉིན་འཚོགས་པའི་སྲོལ་གཏོད་ཚོགས་འདུ་ཟླ་4ཚེས་15ཉིན་བར་འཚོག་རྒྱུ་རེད།
         ཨུ་རུ་སུའི་སློབ་གསོ་ཚན་རིག་པུའི་པུའུ་ཀྲང་ལི་ཝ་ནུའོ་ཕུའུ་ཡིས་སྨྱན་སྦྱོར་ཚན་པར“ཨུ་རུ་སུའི་སློབ་མའི་ལས་འགུལ”གྱིས་སུའུ་ལན་དུས་སྐབས་སུ་སློབ་མར་སློབ་ཕྱིའི་སློབ་གསོ་གཏོང་བའི་སྲོལ་རྒྱུན་སླར་གསོ་བྱས་ཡོད། ཡིན་ནའང་དེ་སྔོན་དང་མི་འདྲ་བ་ཞིག་ནི་རྩ་འཛུགས་དེས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་སློབ་གསོ་མི་གཏོང་བར་ན་གཞོན་ཚོའི་འགོ་ཁྲིད་ཀྱི་འཇོན་ཐང་དང་ཚོགས་པའི་མཉམ་ལས་དང་དེ་བཞིན་སློབ་མས་སྤྱི་ཚོགས་ཀྱི་ལག་ལེན་ནང་ཞུགས་རྒྱུ་བཅས་ལ་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         ཚེས་28ཉིན་ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་དམངས་འདོད་ཐེབས་རྩ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་བྱས་འབྲས་ནང་བཅར་འདྲི་དང་ལེན་བྱེད་མཁན་ཨུ་རུ་སུའི་དམངས་ཚོགས་60%ཡིས་རྩ་འཛུགས་དེ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་ལུགས་མངོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།