འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལ་ལོ་23བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་བྱས་ཡོད་པ་
    དང་རྒྱལ་ཡོངས་སུ་སྣེ་ཁྲིད་ཀྱིས་ལོ་15རིང་སློབ་ཡོན་མི་དགོས་པའི་
    སློབ་གསོ་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་29ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་57འཁོར་བའི་ལོ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་2015ལོར་བོད་ལྗོངས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1000ལས་བརྒལ་ནས་ལོ་23བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་བྱས་ཡོད་ཅེས་གསུངས་པ་རེད། 
         དཔལ་འབྱོར་མགྱོགས་མྱུར་ངང་འཕར་བ་དང་དུས་མཉམ་དུ་བོད་ལྗོངས་ཀྱིས་ནོར་ཤུགས་སྔར་ལས་མང་བ་དམངས་འཚོ་འཛུགས་སྐྲུན་ཁྱབ་ཁོངས་སུ་བཏང་བ་རེད། 2015ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཚོའི་མི་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་འབབ་སྒོར་25457ཟིན་ཞིང་། "ལོ་ལྔ་ཚན་བཅུ་གཅིག་པའི་"དུས་མཇུག་ལས་66.8%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་ཚོའི་མི་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་འབབ་སྒོར་8244ཟིན་ཞིང་། ལོ་13བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་བྱས་པ་རེད། རྒྱལ་ཡོངས་སུ་སྣེ་ཁྲིད་ཀྱིས་ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་དང་། སྣེ་ཁྲིད་ཀྱིས་འགན་ལེན་ལྔའི་མི་སྣ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་མངོན་འགྱུར། སྣ་ཁྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རྣམས་རིན་པ་མི་དགོས་པར་ལུས་ཁམས་བདེ་ཐང་ཞིབ་བཤེར་མངོན་འགྱུར་བཅས་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།