འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རོ་མ་ནི་ཡས་རྒྱལ་ཡོངས་ཀྱི་བཟའ་འཐུང་ཉིན་མོ་དང་ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་
    པའི་ཉིན་མོ་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རོ་མ་ནི་ཡའི་གྲོས་ཁང་འོག་མས་ལོ་ལྟར་གྱི་ཟླ་10ཚེས་16ཉིན་དེ་རྒྱལ་ཡོངས་ཀྱི་བཟའ་འཐུང་ཉིན་མོ་དང་ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ཉིན་མོར་གཏན་འཁེལ་བྱ་རྒྱུའི་ཁྲིམས་དོན་གྲོས་གཞིར་འདེམས་ཤོག་མང་པོའི་ཐོབ་ནས་གྲོས་འཆམ་བྱུང་བ་རེད།
         ན་ནིང་ཟླ་11ཚེས་3ཉིན་ཁྲིམས་དོན་གྲོས་གཞི་དེར་གྲོས་ཁང་གོང་མའི་ཐོག་གྲོས་འཆམ་བྱུང་བ་དང་ཙུང་ཐུང་གི་ཆོག་མཆན་ཐོབ་རྗེས་གཞི་ནས་གོ་ཆོད་ཀྱི་ཡོད་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། རོ་མ་ནི་ཡའི་གྲོང་མིའི་ཡོང་འབབ་ཀྱི་གཏོང་སྒོ་གཙོ་བོ་དེ་ཟས་རིགས་ཉོ་སྒྲུབ་ཐད་སྤྱོད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་བསྡོམས་རྩིས་ཅུས་ཀྱི་བསྡོམས་རྩིས་ལས་མངོན་པར། ཡོ་རོབ་མནའ་འབྲེལ་ནང་དབུལ་པོར་འགྱུར་ཚད་ཨང་གཉིས་པར་སླེབས་པའི་རྒྱལ་ཁབ་ཡིན་པའི་རོ་མ་ནི་ཡའི་འབྲུ་རིགས་ཆུད་ཟོས་གཏོང་ཚད་དེ་ཡོ་རོབ་མནའ་འབྲེལ་གྱི་ཨང་དགུ་པར་སླེབས་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། རོ་མ་ནི་ཡའི་ལོ་ལྟར་ཟས་རིགས་ཆུད་ཟོས་གཏོང་ཚད་ཏུན་ཁྲི་220ཟིན་པ་དེ་ཐོག་ནས་ཉིན་ལྟར་བཟའ་བཅའ་ཏུན་6000གད་སྙིགས་ནང་དབྱུགས་ཀྱི་ཡོད་པ་མཚོན་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།