འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོར་ཧྥ་རན་སེ་དེ་ཉིད་ཀྲུང་གོས་ཡོ་རོབ་ལ་མ་འཇོག་བྱ་ཡུལ་ཆེ་ཤོས་གཉིས་པ་དེར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཧྥ་རན་སེའི་ཚོང་དོན་མ་འཇོག་ཧྲུའུ་ཡིས་ཉིན་ཤས་གོང་སྙན་ཞུ་སྤེལ་ནས་ལས་ཞུགས་གཏོད་ཐུབ་པའི་མ་འཇོག་རྣམ་གྲངས་ཀྱི་གྲངས་འབོར་གཞིར་བཟུང་རྩིས་བརྒྱབ་ཚེ་2015ལོར་ཧྥ་རན་སེ་དེ་ཉིད་ཡོ་རོབ་ཁྱབ་ཁོངས་ནང་གི་ཀྲུང་གོའི་མ་འཇོག་བྱ་ཡུལ་ཆེ་ཤོས་གཉིས་པ་དེར་གྱུར་ཡོད་ཅེས་བཤད་པ་རེད།
         སྙན་ཞུའི་ནང་2015ལོར་ཀྲུང་གོས་ཧྥ་རན་སེར་མ་འཇོག་བྱས་པའི་རྣམ་གྲངས་44ཟིན་པ་དེས་ཀྲུང་གོས་ལོ་དེར་ཡོ་རོབ་ཏུ་མ་འཇོག་བྱས་པའི་རྣམ་གྲངས་བསྡོམས་འབོར་གྱི་16%བཟུང་སྟེ་22%ཟིན་པའི་དབྱིན་ཇིའི་རྗེས་སུ་སླེབས་པ་དང་ལོ་དེར་ཧྥ་རན་སེས་ཕྱི་ཕྱོགས་མ་དངུལ་གྱི་རྣམ་གྲངས་ཚུར་བསྡུ་བྱེད་པའི་སྤྱི་འབོར་གྱི་4.5%བཟུང་བ་མཚོན་པ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། 2015ལོར་ཀྲུང་གོའི་ཁེ་ལས་ཀྱིས་ཧྥ་རན་སེར་མ་འཇོག་བྱེད་རིང་གློག་རྡུལ་དང་གྲངས་འཛིན་སྒྲིག་ཆས་དེ་ཁྱབ་ཁོངས་ཆེ་ཤོས་དང་པོར་གྱུར་ཡོད།
         ཧྥ་རན་སེའི་ཚོང་དོན་མ་འཇོག་ཧྲུའུ་ཡིས་ཨེ་ཤེ་ཡའི་ཁྱབ་ཁོངས་ནང་ཀྲུང་གོ་ནི་རི་པིན་རྗེས་ཀྱི་ཧྥ་རན་སེར་མ་འཇོག་བྱེད་པའི་རྒྱལ་ཁབ་ཆེ་ཤོས་གཉིས་པ་དེ་ཡིན་པ་དང་ཧྥ་རན་སེར་གཞིས་ཆགས་པའི་ཀྲུང་གོའི་ནང་ས་དང་ཤང་ཀང་གི་ཁེ་ལས་བསྡོམས་600ལྷག་ཙམ་ཟིན་པ་དང་གླ་པ་ཁྲི་4.5ལྷག་ཙམ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།