འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དངུལ་ཁང་གིས་ལོན་ཏོན་དུ་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་ལས་ཞབས་ཞུའི་
    རྒྱབ་ཤ་དཀར་པོའི་དེབ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་དབྱིན་ཇིའི་ལོན་ཏོན་དུ་《ཀྲུང་གོ་དངུལ་ཁང་གི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་ལས་ཞབས་ཞུའི་རྒྱབ་ཤ་དཀར་པོའི་དེབ་》བཏོན་པ་དང་རྒྱབ་ཤ་དཀར་པོའི་དེབ་དེས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་ལས་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་རེད།
         རྒྱབ་ཤ་དཀར་པོའི་དེབ་དེ་ཀྲུང་གོ་དངུལ་ཁང་དང་དབྱིན་ཇི་ཚོང་དོན་མ་འཇོག་སྤྱི་ཁྱབ་ཧྲུའུ་ཡིས་ཐུན་མོང་ཐོག་རྩོམ་སྒྲིག་བྱས་པ་ཞིག་ཡིན་པ་དེའི་ནང་དོན་གཙོ་བོ་ཀྲུང་གོའི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་ལས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་། དབྱིན་ཇིའི་ཕྱིར་གཏོང་ཁེ་ལས་ཀྱི་གནས་ཚུལ་གཙོ་བོ། ཀྲུང་གོའི་རྒྱལ་མཚམས་ནང་དང་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་ལས་ཀྱི་ནང་འདྲེན་ཚོད་ལྟའི་གྲོང་ཁྱེར་གྱི་གནས་ཚུལ། ཀྲུང་གོ་དངུལ་ཁང་གི་ཐོན་རྫས་ཞབས་ཞུའི་ཆ་འཕྲིན་བཅས་ཚུད་ཡོད་པ་རེད།
         མཉམ་ལས་འབྲེལ་བ་འཛུགས་པ་དང་གོང་ཚད་འཚམ་པ་དང་བདེ་འཇགས་དང་བློས་འགེལ་ཆོག་པའི་དབྱིན་ཇིའི་སྤུས་ལེགས་ཚོང་ཟོག་ནང་འདྲེན་བྱ་ཆེད་ཀྲུང་གོ་དངུལ་ཁང་ལོན་ཏོན་ཡན་ལག་དངུལ་ཁང་གིས་དེ་ཉིན་ཀྲུང་དབྱིན་གྱི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་ལས་དང་བསིལ་ཚོང་གི་བརྗོད་དོན་གཙོ་བོའི་ཞིབ་བསྡུར་ཚོགས་འདུ་དང་དེ་བཞིན་ཀྲུང་དབྱིན་གྱི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་ལས་ཀྱི་ལས་སྒོའི་གྲོས་མོལ་ཚོགས་འདུའང་འཚོགས་ནས་ཅིང་ཏུང་དང་། ཨ་ལི་པ་པ། ཝུའེ་ཕིང་ཧུའེ་སོགས་རྒྱལ་ཁབ་14ཡི་རྒྱལ་ནང་གི་རྒྱལ་མཚམས་སྒྲོལ་པའི་གློག་རྡུལ་ཚོང་ལས་ལས་སྟེགས་ཀྱིས་དབྱིན་ཇིའི་ས་གནས་དེ་གའི་ཁེ་ལས་70ལྷག་ཙམ་དང་ས་གནས་ས་ཐོག་ཏུ་སྦྲེལ་མཐུད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།