འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱི་ས་གནས་འགོ་ཁྲིད་མི་སྣའི་གླེང་སྟེགས་དབྱིན་ཇིར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22དང་23ཉིན་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་དབྱིན་ཇིའི་སྡེ་ཁུལ་དང་ས་གནས་སྲིད་གཞུང་པུས་ལོན་ཏོན་གྲོང་ཁྱེར་དང་ཤེ་ཧྥེར་ཏེ་གྲོང་ཁྱེར་དུ་མཉམ་འབྲེལ་ཐོག་སྐབས་དང་པོའི་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་ས་གནས་འགོ་ཁྲིད་མི་སྣའི་གླེང་སྟེགས་གཉེར་བ་རེད། ཀྲུང་གོའི་འབྲི་ཆུའི་དཔལ་འབྱོར་རྒྱུད་དབྱིན་ཇིའི་དང་དབྱིན་ཀེ་ལན་བྱང་ཕྱོགས་དཔལ་འབྱོར་ལྟེ་གནས་ཀྱི་ས་གནས་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མི་དང་དེ་བཞིན་དབྱིན་ཇིའི་སྲིད་ཕྱོགས་དང་ཚོང་དོན་གྱི་མཐོ་རིམ་མི་སྣ་དང་རིག་གཞུང་མཁས་དབང་སོགས་ཁྱོན་མི་500ཙམ་ད་ཐེངས་ཀྱི་སྤེལ་རེས་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
         ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་ས་གནས་འགོ་ཁྲིད་མི་སྣའི་གླེང་སྟེགས་ནི་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་དུས་རབས་21པར་ཕྱོགས་པའི་གོ་ལ་ཧྲིལ་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པའི་རྒྱབ་ལྗོངས་འོག རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣར་ངོས་འཛིན་གཅིག་མཐུན་བྱུང་ནས་བཙུགས་པའི་ས་གནས་འགོ་ཁྲིད་མི་སྣའི་སྤེལ་རེས་ལམ་སྲོལ་ཐོག་མ་དེ་ངོས་འཛིན་བྱས་པ་རེད། སྐབས་དང་པོའི་ཀྲུང་དབྱིན་གྱི་ས་གནས་འགོ་ཁྲིད་མི་སྣའི་གླེང་སྟེགས་ཀྱིས“འབྲི་ཆུའི་དཔལ་འབྱོར་རྒྱུད་དང་དབྱིན་ཀེ་ལན་བྱང་ཕྱོགས་དཔལ་འབྱོར་ལྟེ་གནས་མཉམ་ལསབྱ་རྒྱུ”བརྗོད་བྱ་གཙོ་བོར་བྱེད་པ་དང་དེའི་དམིགས་ཡུལ་ནི་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་གལ་ཆེན་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་མ་གཏོང་རྒྱུ་དེ་ཡིན་པ་རེད།
         ཚོགས་འདུའི་གྲོས་དོན་ནང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ཤེས་བྱའི་ཐོན་དབང་། རྒྱུན་མཐུད་འཕེལ་རྒྱས། འགྲིམ་འགྲུལ་འཆར་འགོད། སྤྱི་པའི་སྨན་བཅོས་ཞབས་ཞུ་དང་དཔེ་གསར་ཐོན་ལས། རྒྱལ་ཁབ་གཉིས་པོའི་ས་གནས་སྲིད་གཞུང་། ཁེ་ལས་ལས་རིགས་ཀྱི་གླེང་སྟེགས་ནང་ཞུགས་མཁན་སྐུ་མགྲོན་དང་། འཛམ་གླིང་གི་མཁས་དབང་གྲགས་ཅན། རྒྱལ་སྒྲོལ་ཁེ་ལས། སྤྱི་པའི་སྡེ་ཚན་གྱི་འཐུས་མི་བཅས་ཀྱིས་ས་ཆ་དངོས་སུ་གོང་གསལ་ཁྱབ་ཁོངས་ཀྱི་གྲུབ་འབྲས་ཐོབ་པའི་བྱ་ཐབས་དང་སྔོན་ཐོན་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུ་ཚུད་ཡོད་པ་རེད། གླེང་སྟེགས་གཉེར་རིང་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་གྲོང་ཁྱེར་ཁྲེང་ཏུའུ་གྲོང་ཁྱེར་དང་ཤེ་ཧྥེར་ཏེ་གྲོང་ཁྱེར་དང་། ཝུའུ་ཧན་གྲོང་ཁྱེར་དང་མན་ཁྲེ་སི་ཐི་གྲོང་ཁྱེར་བཞིས་ཁག་སོ་སོར་སློབ་གསོ་མཉམ་ལས་དང་གྲོང་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་རེད།
         ཀྲུང་གོ་སྲིད་གཞུང་གི་མངགས་བཅོལ་བཞིན་རྒྱལ་ཡོངས་མཛའ་གྲོགས་མཐུན་ཚོགས་ཀྱིས་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་མཛའ་མཐུན་གྲོང་ཁྱེར་འཛུགས་རྒྱུ་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་གྱི་མཐུན་སྦྱོར་དོ་དམ་གྱི་འགན་འཁུར་རྒྱུ་ཡིན་པ་རེད། མིག་སྔར་ཀྲུང་གོ་དང་ཕྱི་རྒྱལ་གྱི་གྲོང་ཁྱེར་(ཞིང་ཆེན་དང་། ཀྲོའུ། ཅུན། ཆུས)དབར་མཛའ་མཐུན་གྱི་འབྲེལ་བ་དངོས་སུ་བཙུགས་པ་ཆ་2300ཙམ་ཡོད་པ་དང་། དེའི་ནང་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་དབར་བཙུགས་པའི་མཛའ་མཐུན་གྲོང་ཁྱེར་(ཞིང་ཆེན་དང་། ཅུན། ཆུས)གྱི་འབྲེལ་བ་བཙུགས་པའི་གྲོང་ཁྱེར་ཆ་55ཡོད་པ་རེད། ཀྲུང་ཕྱིའི་ས་གནས་སྲིད་གཞུང་དབར་གྱི་མཛའ་མཐུན་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཡོངས་མཛའ་གྲོགས་མཐུན་ཚོགས་ཀྱི་འགན་ནུས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཡོངས་མཛའ་གྲོགས་མཐུན་ཚོགས་ཀྱིས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྒྲིག་གཞི་ཁག་དང་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱས་ཏེ་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་ས་གནས་འགོ་ཁྲིད་མི་སྣའི་གླེང་སྟེགས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་པ་དང་། མཛའ་མཐུན་གྲོང་ཁྱེར་གྱི་ཐོན་ཁུངས་གསོག་ཚད་ཕན་སྒྱུར་བྱེད་པ། མཛའ་མཐུན་གྲོང་ཁྱེར་མང་དུ་འགྲོ་ཚད་བཀོད་སྒྲིག་ཡག་པོ་བྱེད་པ། མཛའ་མཐུན་གྲོང་ཁྱེར་གྱི་དོན་གཉེར་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ས་གནས་ཀྱི་མཉམ་ལས་དེ་ཉིད་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“རྫོགས་ལྡན་དུས་སྐབས”ཀྱི་བཀྲག་མདངས་འཚེར་སའི་འཕར་གཞི་ཞིག་ཏུ་གཏོད་པ་བཅས་ཀྱི་ཐོག་ནས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་དུས་རབས་21པར་ཕྱོགས་པའི་གོ་ལ་ཧྲིལ་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་ས་གནས་འཕེལ་རྒྱས་ལ་ཕན་པ་དེ་བས་ལེགས་པ་ཐོན་པ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།