འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་རི་པིན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་བསླབ་བྱ་དང་དུ་བླངས་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་
    རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྣང་ཆེན་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམས་དྲ་བའི་འཕྲིན། ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་རི་པིན་གྱིས་བདེ་སྲུང་བཅའ་ཁྲིམས་གསར་པ་ལག་བསྟར་བྱ་རྒྱུའི་སྐོར་ལ་ལན་བསྐྱོན་ཞིང་། ཁོང་གིས་ལོ་རྒྱུས་ཀྱི་བསླབ་བྱ་དང་དུ་བླངས་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྣང་ཆེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཚེས་22ཉིན་རི་པིན་སྲིད་གཞུང་གི་ནང་བློན་ཁང་གི་ཚོགས་འདུའི་ཐོག་ཟླ་འདིའི་ཚེས་29ཉིན་ནས་བཟུང་བདེ་སྲུང་བཅའ་ཁྲིམས་གསར་པ་དངོས་སུ་ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། སྐབས་དེར་སྐབས་རིམ་བྱུང་གི་རི་པིན་སྲིད་གཞུང་གིས་བཀག་སྡོམ་བྱས་པའི་མཉམ་སྡེབ་རང་སྲུང་དབང་ཆ་སྤྱོད་རྒྱུ་ཡོང་བ་དང་རི་པིན་གྱི་རང་སྲུང་དཔུང་སྡེས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་བྱ་སྤྱོད་སྤེལ་ཆོག་པ་དང་ལས་འགན་གྱི་ནང་དོན་ཡང་རྒྱ་ཆེ་རུ་འགྲོ་རྒྱུ་རེད།
         ན་ནིང་གི་ཟླ་བདུན་པ་དང་དགུ་པར་རི་པིན་གྱི་སྲིད་འཛིན་མནའ་འབྲེལ་གྱིས་ཚོད་འཛིན་བྱེད་པའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་འོག་གཉིས་ཀྱིས་སྲིད་དབང་བཟུང་མེད་པའི་ཏང་ཤོག་དང་རི་པིན་དམངས་ཚོགས་ཀྱི་ངོ་རྒོལ་དྲག་པོར་མ་བལྟོས་པར་བདེ་སྲུང་བཅའ་ཁྲིམས་གསར་པ་བཙན་སྐུལ་གྱིས་བརྡས་ཐག་བཅད་དེ་གྲོས་འཆམ་བྱས་པ་རེད། ལོ་འདིའི་ཟླ་9ཚེས་30ཉིན་རི་པིན་སྲིད་གཞུང་གིས་བདེ་སྲུང་བཅའ་ཁྲིམས་གསར་པ་དངོས་སུ་ཡོངས་བསྒྲགས་བྱས་པ་དང་ཁྲིམས་དོན་གྲོས་གཞི་ཡོངས་བསྒྲགས་བྱས་རྗེས་ཀྱི་ཟླ་བ་དྲུག་ནང་ལག་བསྟར་བྱ་རྒྱུ་རེད།
         ཧྭ་ཁྲུན་ཡིང་གིས“ལོ་རྒྱུས་ཀྱི་རྐྱེན་པས་རི་པིན་གྱི་དམག་དོན་བདེ་འཇགས་ཁྱབ་ཁོངས་ཀྱི་སྲིད་ཇུས་ཀྱི་འཕེལ་ཕྱོགས་ལ་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་རི་པིན་ཕྱོགས་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། དམག་དོན་བདེ་འཇགས་ཀྱི་ཁྱབ་ཁོངས་ནང་གཟབ་བརླིང་ངང་བྱ་སྤྱོད་སྤེལ་དགོས་པ། ས་ཁུལ་དེ་གའི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་མང་ཙམ་སྒྲུབ་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།