འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་ཨུ་ཡོན་ཧྥུང་ཅན་ཧྲེན་གྱིས་མི་དང་ས་ཁུལ་གཅིག་ཀྱང་མ་ལུས་པ་ཕྱོགས་ཡོངས་
    ནས་འབྱོར་འབྲིང་དུ་སླེབས་པ་བྱེད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་14ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨུ་ཡོན་ཧྥུང་ཅན་ཧྲེན་གྱིས་ཉེ་ཆར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དབུལ་སྐྱོར་གསར་སྤེལ་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་དར་རྒྱས་བྱུང་མེད་པའི་ས་ཁུལ་དག་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་ཐད་བསམ་བློའི་ཁྲིད་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་ལས་ཀའི་གཞི་རྟེན་དང་དམ་འཛིན་བྱེད་གཞི་ཞིབ་ཚགས་ངང་འཆར་འགོད་བྱས་ཐོག གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ས་ཁུལ་དབུལ་པོའི་མང་ཚོགས་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཧྥུང་ཅན་ཧྲེན་གྱིས་ཉེ་བའི་ལོ་ཤས་རིང་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་སྐྱོར་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་འཐབ་ཇུས་དགོངས་པ་གལ་ཆེན་དང་ལྷག་དོན་དུ་ཀན་སུའུ་རུ་གཟིགས་ཞིབ་གནང་སྐབས་བཏོན་གནང་བའི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གྱི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ནས་དབུལ་སྐྱོར་འགག་སྒྲོལ་དེ་ཉིད་ཞིང་ཆེན་ཡོངས་ཀྱི་ལས་ཀའི་འགངས་ཆེའི་ནང་གི་གལ་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་། “གྲོང་འབྲེལ་དུད་འབྲེལ་དང་དམངས་ཆེད་དམངས་ཕྱུག”བྱ་སྤྱོད་དང“1236”དབུལ་སྐྱོར་འགག་སྒྲོལ་བྱ་སྤྱོད་ལག་ལེན་བསྟར་བ། “1+17”གྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཇུས་གཞི་བཟོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི“853”འཆར་འགོད་ལས་དོན་ཡག་པོ་བསྒྲུབས་པས་དབུལ་སྒྲོལ་ལས་དོན་གྱི“སུ་ལ་དབུལ་སྐྱོར་བྱེད་པ་དང་། སུས་དབུལ་སྐྱོར་བྱེད་པ། དབུལ་སྐྱོར་ཇི་ལྟར་བྱེད་པ”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་ཐུབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་ཏན་ཏིག་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་ཐེབས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།