འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་འཐུས་མི་ལུའོ་ཧུའེ་ཉིང་གིས་སྦྱངས་པ་གོ་ཆོད་ཀྱིས་འགན་འཁྲི་ཆུད་ཟོས་སུ་
    གཏོང་མི་རུང་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་14ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ང་ཚོས་ཕྱོགས་ཡོངས་ནས་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མཚོ་སྔོན་གྱི་ལས་ཀའི་ཤུགས་རྒྱག་པའི་སྐོར་ལ་བཏོན་གནང་བའི་བླང་བྱ་གལ་ཆེན་ཁོང་དུ་ནན་པོ་ཆུད་པ་བྱེད་དགོས་པ་སྟེ།
         གཅིག་ནས“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི”བླང་བྱ་གལ་ཆེན་ཁོང་དུ་ནན་པོ་ཆུད་པ་བྱེད་དགོས་ཤིང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་ཕུགས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཆེས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་ལ་བརྟེན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། མུའུ་ལི་གཏེར་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས་མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་ཁུལ་ལ་དོ་དམ་བྱ་ཤུགས་ཆེ་རུ་གཏོང་དགོས། སྣོད་བཅུད་འདུ་འགོད་དང་། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། ཁོར་ཡུག་བཅོས་སྒྲིག མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། སྣོད་བཅུད་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ལྗང་མདོག་འཕེལ་རྒྱས་གཏོང་ཐབས་དང་འཚོ་བ་སྐྱེལ་སྟངས་ཆགས་པ་བྱེད་དགོས།
         གཉིས་ནས“དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི”བླང་བྱ་གལ་ཆེན་ཁོང་དུ་ནན་པོ་ཆུད་པ་བྱེད་དགོས་ཤིང་། “གནད་སྨིན”དམ་འཛིན་དང་།“དབུལ་པོའི་འབྱུང་རྩ”འཚོལ་ཞིབ་ཏན་ཏིག “དམིགས་ཚད”ཁ་གསལ་ཡོང་བ་བཅས་བྱས་ནས་སློབ་གསོ་དབུལ་སྒྲོལ་ལ་དེ་བས་སྣང་ཆེན་གྱིས་དབུལ་པོའི་ས་ཁུལ་གྱི་བྱིས་པ་འགོ་འཛུགས་ས་ནས་མི་ཕམ་པ་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས“དབུལ་སྐྱོར་ཇི་ལྟར་བྱེད་དགོས་པའི”གནད་དོན་སྔར་བས་ཐག་གཅོད་ཡག་པོ་བྱེད་དགོས། དབུལ་སྒྲོལ་གྱི་ཕན་འབྲས་མཐོ་རུ་གཏོང་བའི་རྒྱུན་མཐུད་རང་བཞིན་ལ་སྣང་ཆེན་བྱས་ཏེ“ལོ་བཞི་ཡི་ནང་གཅིག་སྡུད་འགག་སྒྲོལ་དང་ལོ་གཅིག་ནང་སྲ་བརྟན་མཐོར་གཏོང”གི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་པ།
         གསུམ་ནས“མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི”བླང་བྱ་གལ་ཆེན་ཁོང་དུ་ནན་པོ་ཆུད་པ་བྱེད་དགོས་ཤིང་། དམིགས་བསལ་གྱི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་། སྒྱུར་བཅོས་དང་ཁྲོམ་རའི་འདུ་ཤེས་ཤུགས་ཆེར་གཏོང་བ། མི་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་ཀྱི་དྲང་ནུས་རྒྱུན་མཐུད་ངང་འཕེལ་བ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།